འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་21ཉིན།

༄༅།།ཀྲུང་གོས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་21ཉིན། 15:22】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་2ཚེས་20ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་རྒྱུན་གཏན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 
     ཐ་སི་གསར་འགྱུར་ཁང་གི་གསར་འགོད་པས། གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིས་ཀྲུང་ཨུའི་མཉམ་ལས་ལ་ཁ་གཡར་ནས་ཀྲུང་གོའི་ཁེ་ལས་ཁག་ཅིག་ལ་བཀག་སྡོམ་བྱ་རྒྱུའི་བསམ་གཞིག་བྱེད་བཞིན་ཡོད། དེའི་ཐད་ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས། 
     མའོ་ཉིང་གིས་ཡུག་རེན་གྱི་ཉམས་ཉེན་གྱི་གནད་དོན་ཐད་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱི་རོལ་ཡུལ་དང་མཐུན་པ་དང་། དྲང་གཞག་གི་ལངས་ཕྱོགས་མཐའ་འཁྱོངས་བྱས་ནས། ཐོག་མཐའ་བར་གསུམ་དུ་བར་འདུམ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་ཅེས་བཤད། 
     མའོ་ཉིང་གིས་ཀྲུང་གོར་འཛམ་གླིང་རྒྱལ་ཁབ་ཁག་དང་རྒྱུན་ལྡན་གྱི་མཉམ་ལས་བྱེད་པའི་དབང་ཆ་ཡོད། ང་ཚོས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད་པ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབང་ཆ་སྤྲད་མེད་པའི་ཕྱོགས་རྐྱང་པའི་བཀག་སྡོམ་བྱེད་པ་སོགས་ལ་ངོ་རྒོལ་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དགོས་ངེས་ཀྱི་བྱ་ཐབས་སྤྱད་དེ་ཀྲུང་གོའི་ཁེ་ལས་ཀྱི་ལུགས་མཐུན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བསྟན།