འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་21ཉིན།

༄༅།།ཨ་རིས་མི་འཐད་པའི་འདེམས་ཤོག་འཕངས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་21ཉིན། 15:22】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་20ཉིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨར་ཅི་རི་ཡའི་གནས་བབ་སྐོར་གྱི་གྲོས་ཆོད་གསར་པའི་འཆར་ཟིན་ལ་བརྡས་ཐག་བཅད་པར་མ་ཟད། རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཨ་རིས་འདེམས་ཤོག་གཅིག་གིས་དགག་པ་བརྒྱབ་པ་རེད།  
    འདེམས་ཤོག་འཕེན་སྐབས་རྒྱལ་ཁབ་13གྱིས་མོས་མཐུན་བྱས་པ་དང་། དབྱིན་ཇིས་འདེམས་ཤོག་འཕེན་དབང་དོར། ཨ་རིས་འཐད་པ་མིན་པའི་འདེམས་ཤོག་འཕངས།  
     ཨར་ཅི་རི་ཡས་བཏོན་པའི་གྲོས་ཆོད་འཆར་ཟིན་གྱིས“ཕྱོགས་སོ་སོས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་མི་ཆོས་རིང་ལུགས་ཀྱི་དམག་མཚམས་འཇོག་རྒྱུའི་རེ་བ་བཏོན་པ་དང་། “རྒྱལ་སྤྱིའི་བཅའ་ཁྲིམས་ལས་འགལ་ནས་བུད་མེད་དང་བྱིས་པ་ཚུད་པའི་ཕ་ལེ་སི་ཐན་གྱི་མི་སེར་ཡུལ་གྱར་བར་བཙན་སྐུལ་བྱེད་པའི་བྱེད་སྟངས་ལ་ངོ་རྒོལ་བྱས་ནས། གནོད་འཚེ་དེ་རིགས་འཕྲལ་མར་མཚམས་འཇོག་བྱེད་དགོས་པའི”བླང་བྱ་བཏོན། “ཆ་རྐྱེན་གང་ཡང་མེད་པར་མི་གཏའ་འཕྲལ་མར་གློད་འགྲོལ་བཏང་སྟེ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཞུགས་རྒྱུའི་འགན་སྲུང་བྱས་ནས་མི་གཏའི་སྨན་བཅོས་ཀྱི་དགོས་མཁོ་སྐོང་ཐབས་བྱེད་པར་མ་ཟད། ད་དུང་ཕྱོགས་སོ་སོས་རྒྱལ་སྤྱིའི་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་མི་ཡོངས་ཀྱི་འབྲེལ་ཡོད་འོས་འགན་ལ་བརྩི་སྲུང་ཞུ་དགོས་པར་མ་ཟད། ཁོང་ཚོའི་དབང་ཆར་བརྩི་འཇོག་ཀྱང་བྱེད་དགོས་པའི”བླང་བྱ་བཏོན་པ་རེད། 
     གཞན་ཡང་། གྲོས་ཆོད་འཆར་ཟིན་ནང་མི་སྣ་གློད་འགྲོལ་གཏོང་དགོས་པའི་བླང་བྱ་བཏོན་པར་མ་ཟད། རྒྱལ་སྤྱིའི་ཁྲིམས་རར་ལྷོ་ཨ་ཧྥེ་རི་ཁས་དབྱི་སི་རལ་ལ་ཞུ་གཏུག་བྱས་ནས། རྒྱལ་སྤྱིའི་བཅའ་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ཚང་མའི་འགན་འཁྲི་ངེས་པར་དུ་བདའ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད།