འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་19ཉིན།

༄༅།།ཟས་ལྷག་ཟོས་ན་སྐྲན་ནད་ཕོག་སྲིད་དམ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་19ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟས་ལྷག་དང་སྔོ་ཚལ་ལྷག་མ་ཉར་ཚགས་ཡག་པོ་མ་བྱས་ན། ཟེ་སྐྱུར་ཚྭ་ཕལ་པའི་འདུས་ཚད་མང་དུ་ཕྱིན་ནས་འབྲས་སྐྲན་འབྱུང་ཉེན་ཡོད། ཡིན་ན་ཡང་གཡོས་སྦྱོར་དང་ཉར་ཚགས་ཡག་པོ་བྱས་ན། ཟེ་སྐྱུར་ཚྭ་ཕལ་བ་བསྡུ་ལེན་བྱས་པ་བདེ་འཇགས་ཀྱི་ཁྱབ་ཁོངས་སུ་ཡོད་པས། སེམས་ཁྲལ་བྱ་མི་དགོས། དགོང་མོའི་ཟས་ལྷག་དེ་གྲང་ཉར་ཆ་རྐྱེན་4℃འོག་ལུགས་མཐུན་ངང་ཉར་ཚགས་བྱས་ཚེ། ཉིན་གཉིས་ནང་ཟེ་སྐྱུར་ཚྭ་ཕལ་པའི་འདུས་ཚད་སྔར་བཞིན་མིའི་ལུས་ཁམས་ཀྱིས་དང་ལེན་བྱ་ཐུབ་པའི་བདེ་འཇགས་ཀྱི་ཁྱབ་ཁོངས་སུ་ཡོད།