འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་19ཉིན།

༄༅།།མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་བའི་ཕུལ་བྱུང་བརྩམས་ཆོས་དེ་བས་མང་ཙམ་འདོན་དགོས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་19ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     “མི་དམངས་ལྟེ་བར་འཛིན་པའི་གསར་གཏོད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ། མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་བའི་ཕུལ་བྱུང་བརྩམས་ཆོས་དེ་བས་མང་ཙམ་བཏོན་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་ནན་བཤད་གནང་ཡོད།
     “སྙན་ངག་དང་དཔེ་དེབ་ཉམས་རྒུད་མ་སོང་ན། ཁྲང་ཨན་གྱི་ཉམས་འགྱུར་ཉམས་མི་སྲིད” གློག་བརྙན《ལེ་དབར་ཁྲི་གསུམ་གྱིས་ཆོད་པའི་ཁྲང་ཨན》ཞེས་པར་གདེང་འཇོག་བཟང་པོ་ཐོབ་ནས་མི་རྣམས་ཐང་རྒྱལ་རབས་ཀྱི་ཚིག་སྦྱོར་སྙན་པའི་སྙན་ངག་དང་ལོ་ངོ་སྟོང་ཕྲག་གི་རིག་གནས་ལོ་རྒྱུས་ཁྲོད་ནས་རིག་གནས་ཀྱི་གདེང་ཚོད་ཉམས་སུ་མྱོང་རྒྱུ་བྱུང་ཡོད།
     ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལས་འཚོ་བཅུད་མང་པོ་སྦྱིན་པ་དང་དུས་རབས་ལས་སྔར་བྱུང་མྱོང་མེད་པའི་གར་སྟེགས་ཆེན་པོ་བཏོད་ཡོད། དུས་རབས་གསར་པའི་ལོ་བཅུའི་རིང་ནི་དུས་རབས་ལ་ངོ་གནོང་མི་དགོས་པ་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་ཕུལ་བྱུང་བརྩམས་ཆོས་ཟམ་མི་ཆད་པར་ཐོན་ཡོད།
     “མི་དམངས་ལ་རིག་རྩལ་དགོས” རྩྭ་ཐང་སྟེང་དགུང་ཨ་སྔོན་རྒྱབ་ལྗོངས་སུ་བྱས་པ་དང་མཐའ་ཡས་ས་གཞི་གར་སྟེགས་སུ་བྱས་པའི་ཝུའུ་ལན་མུའུ་ཆི་རིག་རྩལ་རྟ་དམག་ཧྲག་པོའི་རུ་མི་ཚོས་དཀའ་ངལ་ཁྱད་དུ་བསད་ནས་རྒྱ་ཆེའི་ཞིང་འབྲོག་པར་སྤྲོ་སྣང་དང་ཤེས་དཔལ་སྦྱིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རུ་མི་ཚོར་ནམ་ཡང་གནས་པའི་རྩྭ་ཐང་སྟེང་གི“གསར་བརྗེའི་རྟ་དམག་ཧྲག་པོའི་རིག་རྩལ་ཚོགས་པ”བྱེད་དགོས་པའི་ལྕག་སྐུལ་གནང་ཡོད།
     ཚོགས་རའི་ནང་། དུས་རབས་ལ་བསྟོད་པ་དང་མི་དམངས་ལ་བསྔགས་པའི་ཞབས་བྲོའི་སྙན་ཚིག་ཟློས་གར《སྔོ་ལྗང་དེའི་ཆེད་དུ་ཞབས་བྲོ་འཁྲབ〈ལེ་དབར་ཁྲི་ཡི་ལྗོངས་རྣམ〉》དང་གླུ་གར《རབ་ཏུ་བཞད》སོགས་ཀྱི་བརྩམས་ཆོས་ལ་གདེང་འཇོག་བཟང་པོ་ཐོབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྱུ་རྩལ་མཁས་ཅན་ཚོར“དུས་རབས་གསར་པའི་བརྗོད་དོན་གཙོ་བོར་བསྟོད་པ་འབུལ་ནས་ཀྲུང་གོ་བའི་སྙིང་སྟོབས་མངོན་པར་བྱེད་དགོས”ཞེས་སྐུལ་ལྕག་གནང་ཡོད།
     “མི་དམངས་ལ་རིག་རྩལ་དགོས”མི་དམངས་ལ་བསམ་བློ་རིག་གནས་འཚོ་བའི་དགོས་མཁོ་ནམ་ཡང་གནས།
     བློ་མཐུན་ཞི་ཅིན་ཕིང་གིས་རིག་གནས་སྒྱུ་རྩལ་ལ་དགའ་ཞེན་གནང་ལུགས་དང་རིག་རྩལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་གནང་ཡོད།
     2014ལོའི་ཟླ་10པར་འཚོགས་པའི་རིག་རྩལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྩོམ་པ་པོ་ཝང་ཡོན་ཅན་གྱིས་དྲན་གསོ་ཞིང་བརྗོད་པའི་ལིའུ་ཆིང་གི་གྲོང་གསེབ་ཏུ་བསྡད་ནས་ཞིབ་འཇུག་ལོ་14བྱེད་རིང་བརྩམས་པའི《ལས་གཏོད་ལོ་རྒྱུས》ཀྱི་གཏམ་རྒྱུད་ལ་ཕྱིར་དྲན་གནང་སྐབས། “རིག་རྩལ་གསར་རྩོམ་གྱི་བྱ་ཐབས་ཧ་ཅང་མང་པོ་ཡོད་མོད། འོན་ཀྱང་ཆེས་རྩ་བ་དང་། འགག་རྩ། བརྟན་ཤོས་བཅས་ཀྱི་བྱ་ཐབས་ནི་མི་དམངས་ཁྲོད་གཞི་ཚུགས་པ་དང་འཚོ་བར་གཞི་ཚུགས་རྒྱུ་དེ་རེད”ཅེས་མྱོང་ཚོར་ཟབ་མོས་གསུངས།
     “རིག་རྩལ་གསར་རྩོམ་བྱེད་པར་མི་དམངས་དང་ཁ་འབྲལ་ཐབས་མེད” “མི་དམངས་ནི་རིག་རྩལ་གྱི་འབྱུང་ཁུངས་ཡིན” མི་དམངས་ཀྱིས་འབད་འཐབ་བྱེད་པའི་ཁྲོད་ལོ་རྒྱུས་གསར་གཏོད་བྱེད་པའི་གཏམ་རྒྱུད་སྙན་པོ་གང་སར་ཐོས་རྒྱུ་ཡོད། མི་དམངས་ཀྱི་ཁྲོད་དུ་སྐྱོད་ན་གཞི་ནས་རིག་རྩལ་གསར་རྩོམ་གྱི་འབྱུང་ཁུངས་བཙལ་རྙེད་ཐུབ།
     མི་དམངས་ལྟེ་བར་འཛིན་པའི་གསར་གཏོད་ཀྱི་སྟོན་ཕྱོགས་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱས་ནས《སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》སོགས་ཡིག་ཆ་མང་པོ་བཏོན་རྗེས། རྒྱ་ཆེའི་རིག་རྩལ་ལས་དོན་པས་འཚོ་བའི་ནང་གཏིང་ཟབ་ཞུགས་པ་དང་མི་དམངས་ཁྲོད་གཞིས་ཚུགས་ནས་སྤུས་ཚད་ལྡན་པའི་མི་དམངས་ཀྱི་ལོ་རྒྱུས་སྙན་ངག་གསར་རྩོམ་བྱས་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་། ཁྲེང་ཏུའུ་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས། ཧང་ཀྲོའུ་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་བཅས་ཀྱི་མཇུག་འགྲིལ་མཛད་སྒོ་འཛམ་གླིང་ཐོག་སྐད་གྲགས་ཆོད་ཅིང་། རིག་རྩལ་འཁྲབ་སྟོན《རླབས་ཆེན་གྱི་རྒྱང་ལམ》ཞེས་པ་དེས་དུས་རབས་ཀྱི་འགྱུར་ཁུག་དཀྲོལ་གཏོང་དང་། བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན《རི་ཆུའི་བརྩེ་སེམས》ཞེས་པ་དེར་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་པ། གློག་བརྙན《ཁྲང་ཅིང་མཚོའུ》ཞེས་པ་དེས་གློག་བརྙན་གྱི་སྤ་སེ་བྲིན་པའི་ཟིན་ཐོ་གསར་པ་བཏོད་པ་སོགས་མི་རྣམས་ཀྱིས་འཚབ་འཚུབ་མེད་པ་དང་བློ་རྩེ་གཅིག་སྒྲིམ་ངང་གསར་གཏོད་བྱེད་པའི་གསར་རྩོམ་གྱི་དད་སེམས་མི་སེམས་སུ་གཏིང་ཟབ་ཟུག་པ་དང་། མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་དང་། མང་ཚོགས་ཁྲོད་ཁྱབ་ཐུབ་པ། མང་ཚོགས་ཁྲོད་གནས་ཐུབ་པ་བཅས་ཀྱི་ཕུལ་དུ་བྱུང་བའི་རིག་རྩལ་བརྩམས་ཆོས་གཅིག་རྗེས་གཉིས་མཐུད་ཐོན་པ་མཐོང་ཡོད།
     ཉེ་བའི་ལོ་ཤས་རིང་ཅིང་ཅུས་ཟློས་གར《ཤིས་ཨན་དུས་འགྱུར》དང་ཁུན་ཅུས་ཟློས་གར《ལིན་ཁྲོན་གྱི་ཕུགས་འདུན་བཞི》བཅས་ཡིན་ནའང་འདྲ། ཡང་ན་གློག་བརྙན《ནུབ་ཕྱོགས་སུ་སྐྱོད་པའི་རྣམ་ཐར་ཏེ། མཁའ་སྙོམས་རྒྱལ་པོ་ལོག་ཡོང་བ》སོགས་ཕུལ་བྱུང་གི་བརྩམས་ཆོས་འབོར་ཆེན་ཞིག་ལ་བསྔགས་བརྗོད་ཐོབ་པ་མ་ཟད། སྤ་སེ་ཡང་དེ་བས་བྲིན་ཁ་རྒྱུག་པོ་བྱུང་ཡོད།
     རྒྱ་ཆེའི་རིག་རྩལ་ལས་དོན་པས་གསར་རྩོམ་ལ་རྩེ་གཅིག་ཏུ་གཞོལ་ནས“བསམ་བློ་དང་སྒྱུ་རྩལ་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་ཁྲོམ་རའི་དགའ་བསུ་ཡང་རྒྱ་ཁྱབ་ངང་ཐོབ་ཡོད”
     《རྒྱལ་ཡོངས་རང་བཞིན་གྱི་རིག་རྩལ་བྱ་དགའ་དཔྱད་བསྡུར་ལམ་ལུགས་སྒྱུར་བཅོས་བྱ་རྒྱུའི་སྐོར་གྱི་བསམ་འཆར》སོགས་སྲིད་ཇུས་ཀྱི་ཡིག་ཆས་ངན་ཕུད་བཟང་ལེན་དང་སྟོན་ཕྱོགས་ཁ་གསལ་བཟོས་ཡོད། གྲོང་གསེབ་དང་། སློབ་གྲྭ སྡེ་ཁུལ། དྲ་ཐོག་བཅས་སུ་རིག་རྩལ་འཁྲབ་སྟོན་ཚ་ཚ་འུར་འུར་ངང་སྤེལ་ཡོད།
     དེང་རབས་ཀྱི་ཀྲུང་གོ་ནི་རི་ཀླུང་བརྗིད་ཆགས་ཤིང་མཛེས་སྡུག་ལྡན་པ་དང་། མི་དམངས་དཔའ་ངར་ཆེ་བ། མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡོད། “དུས་རབས་གསར་པར་རིག་རྩལ་མཁས་པ་དགོས་གལ་ཆེ་ལ། རིག་རྩལ་མཁས་ཅན་གསོ་སྐྱོང་ཡང་བྱེད་ཐུབ་ངེས་རེད། དུས་རབས་གསར་པར་རིག་རྩལ་གྱི་ཡང་རྩེ་དགོས་གལ་ཆེ་ལ། རིག་རྩལ་གྱི་ཡང་རྩེ་ཡང་གཏོད་ཐུབ་ངེས་ཡིན་པས་ང་ཚོས་གདེང་ཚོད་དེ་བརྟན་དུ་གཏོང་དགོས”