འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་18ཉིན།

༄༅།།དོན་འདི་ཁྲལ་ཕྱིར་སློག་དང་འབྲེལ་བ་ཡོད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་18ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས《2023ལོའི་མི་སྒེར་གྱི་ཐོབ་ཁྲལ་གྱི་ཕྱོགས་བསྡུས་ཐོབ་ཆ་གཙང་རྩིས་རྒྱག་པའི་སྐོར་གྱི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་ནས། 2023ལོའི་ལོ་འཁོར་གྱི་བསྡོམས་རྩིས་འགྲོ་ལུགས་གཉེར་ཡུན་ནི་2024ལོའི་ཟླ་3ཚེས་1ཉིན་ནས་ཟླ་6ཚེས་30ཉིན་བར་ཡིན་པ་ཁ་གསལ་བཏོན་ཡོད། 
     ཁྲལ་དོན་སྡེ་ཁག་གིས་ཁ་ཆད་བྱས་ནས་གཉེར་བའི་ཞབས་ཞུ་བཏོན་ཡོད། བསྡོམས་རྩིས་རྒྱག་པའི་ཐོག་མའི་དུས་(ཟླ་3ཚེས་1ཉིན་ནས་ཟླ་3ཚེས་20ཉིན་བར།)དགོས་མཁོ་ཡོད་པའི་ཁྲལ་འཇལ་བས་རང་ངོས་ཀྱི་གནས་ཚུལ་ལ་གཞིགས་ནས། ཟླ་2ཚེས་21ཉིན་གྱི་རྗེས་སུ་ཁྲལ་བསྡུའི་APPབརྒྱུད་གོང་གསལ་གྱི་དུས་ཚོད་ནང་གང་འདོད་ལྟར་ཉིན་གཅིག་གདམ་ནས་གཉེར་ཆོག ཟླ་3ཚེས་21ཉིན་ནས་ཟླ་6ཚེས་30ཉིན་བར། ཁྲལ་འཇལ་མཁན་གྱིས་ཁ་ཆད་མ་བྱས་པར་ག་དུས་ཡིན་ནའང་བསྒྲུབས་ཆོག 
     མི་གང་དག་གིས་ལོ་འཁོར་གྱི་བསྡོམས་རྩིས་རྒྱག་དགོས་སམ། 
     གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་བྱུང་ན། ཁྲལ་འཇལ་མཁན་གྱིས་བསྡོམས་བརྩིས་རྒྱག་དགོས་ཏེ། 
     (གཅིག)ཁྲལ་དངུལ་སྔོན་འཇལ་བྱས་གྲངས་དེ་འཇལ་དགོས་པའི་ཁྲལ་འབབ་ལས་མང་བ་མ་ཟད། ཁྲལ་དངུལ་ཕྱིར་སློག་བྱེད་པའི་རེ་འདུན་ཞུ་རིགས་དང་། 
     (གཉིས།)2023ལོར་ཐོབ་པའི་ཕྱོགས་བསྡུས་ཀྱི་ཡོང་འབབ་སྒོར་ཁྲི་12ལས་བརྒལ་བར་མ་ཟད། ཁྲལ་འབབ་གསབ་བསྡུ་བྱ་དགོས་པའི་དངུལ་གྲངས་སྒོར་400ལས་བརྒལ་བའི་རིགས། 
     མི་གང་དག་གིས་ལོ་འཁོར་གྱི་བསྡོམས་རྩིས་རྒྱག་མི་དགོས་སམ། 
     2023ལོར་ཁྲལ་འཇལ་མཁན་གྱིས་མི་སྒེར་གྱི་ཐོབ་ཁྲལ་ཁྲིམས་མཐུན་ལྟར་སྔོན་འཇལ་བྱས་པ་མ་ཟད། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ཚེ་བསྡོམས་རྩིས་རྒྱག་མི་དགོས་པ་སྟེ། 
     (གཅིག)དཔྱ་ཁྲལ་ཁ་གསབ་བྱ་དགོས་ཀྱང་ཕྱོགས་བསྡུས་ཡོང་འབབ་ལོ་ཧྲིལ་པོར་སྒོར་ཁྲི་12ལས་མི་བརྒལ་བའི་རིགས་དང་། 
     (གཉིས།)དཔྱ་ཁྲལ་ཁ་གསབ་རྒྱག་དགོས་པའི་དངུལ་གྲངས་བསྡོམས་རྩིས་སྒོར་400ལས་མི་བརྒལ་བའི་རིགས། 
     (གསུམ།)ཁྲལ་དངུལ་སྔོན་འཇལ་བྱས་གྲངས་དང་འཇལ་དགོས་པའི་ཁྲལ་འབབ་གཅིག་མཚུངས་ཡིན་རིགས། 
     (བཞི།)བསྡོམས་རྩིས་ཁྲལ་སློག་གི་ཆ་རྐྱེན་དང་མཐུན་ཡང་ཁྲལ་དངུལ་སློག་རྒྱུའི་རེ་འདུན་མི་ཞུ་བའི་རིགས་བཅས་ཡིན།