འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་8ཉིན།

༄༅།།ཀྲུང་ཧྭའི་ཕུལ་བྱུང་རིག་གནས་དར་སྤེལ་བཏང་། བསྐྱར་དར་རྒྱལ་ཁབ་སྟོབས་ཆེའི་མཛེས་རིས་བཀོད།

—— 《སློབ་འགོ་ཚུགས་པའི་སློབ་ཚན་དང་པོ》དེ་གསོན་ཉམས་དོད་པའི་རྒྱལ་གཅེས་རིང་ལུགས་སློབ་གསོའི་སློབ་ཚན་ཞིག་ཏུ་གྱུར་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་08ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་གྱི་གསར་འགོད་པ། ཝུའུ་ཏན།
    2023ལོའི་ཟླ་9ཚེས་1ཉིན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། སློབ་གསོ་པུའུ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི《སློབ་འགོ་ཚུགས་པའི་སློབ་ཚན་དང་པོ》ཞེས་པའི་ཆེད་དོན་ལེ་ཚན་དུས་བཀག་ལྟར་བསྟན་པ་དང་། རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་དུང་ཕྱུར་དུ་མས་བརྙན་ཤེལ་མདུན་དུ་བསྡད་དེ་མཉམ་དུ“བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེན་པོ”དེ་ཉན་པ་རེད།
    སྲོལ་རྒྱུན་རིག་གནས་དང་། ཤེས་དཔལ་འཚོལ་ཞིབ་ནས་སྐྱེ་ཁམས་ཤེས་དཔལ་དང་གྲོང་གསེབ་དར་རྒྱས་བར་དང་། དེ་ནས་རྒྱལ་སྲུང་སློབ་གསོ་དང་ཚན་རྩལ་གསར་གཏོད་བར་གྱི་རྒྱལ་ཁབ་རིམ་པའི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་འཚོགས་པ་དེས། ཚོར་ཤེས་ཐུབ་པའི་བརྙན་རིས་དང་གསོན་ཉམས་དོད་པའི་ཚིག་སྦྱོར་ཐོག་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་བརྗིད་ཆེའི་དཔེ་རིས་བཀོད་དེ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལ་དཔའ་ངར་ཆེར་སྐྱེད་ཀྱིས་འབད་འཐབ་དང་ཕུགས་འདུན་འགྲུབ་ཆེད་བྱ་སྤྱོད་ཧུར་ཐག་སྤེལ་ནས་མི་རིགས་བསྐྱར་དར་གྱི་རྒྱུག་ལམ་ཐོག་བློ་ཁོག་ཆེན་པོས་མདུན་དུ་བསྐྱོད་རྒྱུའི་བརྩོན་ལེན་བྱེད་དགོས་པའི་ལྕག་སྐུལ་བྱས་ཡོད།
    རྒྱུན་འཛིན་བྱེད་པར་ང་ཡིས་འབད།
    ཀྲུང་ཧྭའི་ཤེས་དཔལ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་ནི། ཀྲུང་གོར་ནོར་བུ་ཡོད་པས་རེད་ཅེས་པའི་ལེ་ཚན་གཏོང་འགོ་ཚུགས་པ་མ་ཟད། དེར་ལོ་ངོ་3000ལྷག་ཙམ་གོང་ནས་ལན་བཏབ་ཡོད།
    2023ལོར《སློབ་འགོ་ཚུགས་པའི་སློབ་ཚན་དང་པོ》བསྟན་ནས་ཡུལ་དུས་ལས་བརྒལ་བའི་རིག་གནས་ཀྱི་ཡུལ་སྐོར་ཆེན་པོ་ཞིག་འགོ་ཚུགས་པ་དང་། སློབ་མ་རྣམས་དེ་ལ་རོལ་ནས་སེམས་གཏིང་ལ་རིག་གནས་ཀྱི་གདེང་ཚོད་ཀྱི་མྱུ་གུ་འབུས་པ་དང་། རིག་གནས་རྒྱུན་འཛིན་གྱི་མེ་ཏོག་བཞད་པ། རྒྱལ་ཁབ་སྟོབས་ཆེན་དང་བསྐྱར་དར་གྱི་འབྲས་བུ་སྨིན་པར་བྱས་ཡོད།
    ལེ་ཚན་གྱིས་རྒྱལ་ཁབ་ཀྱི་རིག་གནས་འདུ་འགོད་ཆེན་པོ་གསུམ་སྟེ། ཀྲུང་གོའི་རྒྱལ་ཁབ་ཀྱི་པར་གཞིའི་འགྲེམས་ཁང་དང་། 《རུའུ་ལུགས་ཀྱི་གསུང་རབ་གཅེས་བཏུས》《ཀྲུང་གོའི་རི་མོའི་ལུགས་ཀྱི་འབྱུང་རབས་ཆེ་མོ》བཅས་ཧྲག་འདེམས་བྱས་ཤིང་། ལོ་རྒྱུས་རིང་བའི་ཤེས་དཔལ་འཚོལ་ཞིབ་བྱེད་སྐབས། སློབ་མ་ཚོའི་རིག་གནས་ཀྱི་གདེང་ཚོད་བརྟན་དུ་ཕྱིན་ནས་ཀྲུང་གོའི་ཤེས་དཔལ་གྱི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན་ཡོད།
    པེ་ཅིང་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཝང་པོ་ཡིས་སྐུ་ཞབས་ཐང་དབྱི་ཅེ་ཡིས“དཀའ་ངལ་འཕྲད་སྐབས། འགན་འཁྲིར་མི་གཡོལ་བར”བློ་རྩ་བརྟན་པོས《རུའུ་ལུགས་ཀྱི་གསུང་རབ་གཅེས་བཏུས》ཕྱོགས་སྒྲིག་བྱེད་པའི་བརྒྱུད་རིམ་བརྩེ་སེམས་ཟབ་མོས་ཕྱིར་དྲན་བྱེད་བཞིན་དུ་བརྗོད་པ་དང་། ཀྲེ་ཅང་སློབ་ཆེན་གྱི་ཞིབ་འཇུག་པ་ཅིན་ཞའོ་མིང་གིས་སློབ་གྲོགས་ཚོ་ཁྲིད་དེ་འོད་སྣང་ཁང་དུ་བསྐྱོད་ནས་གྲངས་གཞིའི་པར་གཞི《དྭངས་གསལ་ཆུ་གྲོང་རི་མོ》ལྟ་བའི་ཁྲོད“མངགས་སྐྱེལ་ཕོ་གསར”དང“སུང་རྒྱལ་རབས་ཀྱི་མིས་བོགས་གཏོང་འཁོར་རིགས་གླ་བ”སོགས་ཀྱི་དོན་སྙིང་ལྡན་པའི་ངག་རྒྱུན་མྱོང་དཔྱད་ཞིབ་ཕྲ་བྱས་ནས“ལོ་ངོ་སྟོང་གི་རི་མོའི་ཞིང་ཁམས”ལ་རོལ་ཡོད། ཀྲུང་གོ་ཚན་རིག་ཁང་སྒལ་ཚིགས་ཅན་གྱི་གནའ་བོའི་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀའོ་ཤིང་གིས་གནའ་རྫས་རྟོག་ཞིབ་ཤེས་རྟོགས་དང་ཞིབ་འཇུག་གི་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས་སློབ་གྲོགས་ཚོར་ཉམས་པ་མེད་པའི་ཀྲུང་ཧྭའི་ཤེས་དཔལ་མྱོང་རོལ་བྱེད་པར་ཁྲིད་སྟོན་བྱས་ཏེ་ཀྲུང་ཧྭའི་ཤེས་དཔལ་གྱི་འབྱུང་ཁུངས་དང་འཕེལ་རྒྱས་ལོ་རྒྱུས་ཀྱི་བརྒྱུད་རིམ་དེད་ཡོད།
    གསར་གཏོད་བྱེད་པར་ང་ཡིས་འབད།
    ས་མཐོའི་ཡང་རྩེར་ཀྲུང་གོ་ཚན་རིག་ཁང་ནུས་ཆེའི་དངོས་ཁམས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཚའོ་ཀྲེན་གྱིས་འཇིག་རྟེན་འཕྲོ་ཐིག་ལྟ་ཞིབ་ས་ཚིགས་ཀྱི་སྔ་ཕྱིའི་འབྱུང་རིམ་བརྗོད་ཡོད། ཁོང་གིས་རང་རྒྱལ་གྱིས་རང་རྟེན་ཇུས་འགོད་དང་རང་ཚུགས་ངང་བསྐྲུན་པའི་མཉམ་འདུས་རྣམ་པའི་ས་བབ་མཐོ་བའི་འཇིག་རྟེན་འཕྲོ་ཐིག་ལྟ་ཞིབ་ས་ཚིགས་སུ་འཇིག་རྟེན་འཕྲོ་ཐིག་གི་འབྱུང་ཁུངས་འཚོལ་ཞིབ་བྱེད་པར་གཞོལ་ནས་འཇིག་རྟེན་ལྟ་ཞིབ་ཁྱབ་ཁོངས་སུ་ཀྲུང་གོ་བ་རང་ཉིད་ཀྱི་སྐད་སྒྲ་དང་བློ་གྲོས་འདུས་ཡོད།
    ཕུགས་འདུན་དོན་གཉེར་བྱས་ནས་ལྷ་གྲུ་ཨང་བཅུ་དྲུག་པའི་མཁའ་སྐྱོད་ཚོ་ཆུང་གིས་གནམ་ས་འབྲེལ་མཐུད་ཀྱི་བར་སྣང་སློབ་ཁང་བཙུགས་ཏེ་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཚོར་འཚོལ་ཞིབ་ཟམ་མི་ཆད་པར་བྱེད་པའི་ཧུར་སེམས་དང་། སྐོམ་པ་ཆུ་འདོད་ལྟར་གྱི་ཤེས་འདོད་ཀྱི་ཡ་མཚན་བསམ་པ། བྲག་ལྟར་བརྟན་པའི་ཐོག་མའི་བསམ་འདུན་བཅས་འཆང་དགོས་ལུགས་བསླབས་ནས་སློབ་མ་ཚོར་ཕུགས་འདུན་བཅངས་ཏེ་འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་སྐྱོད་དགོས་པའི་ལྕག་སྐུལ་བྱས་ཡོད།
    2023ལོར《སློབ་འགོ་ཚུགས་པའི་སློབ་ཚན་དང་པོ》འཚོགས་ནས་ཚན་རྩལ་གྱི་ཁྱབ་ཁོངས་སུ་ཐོབ་པའི་རང་རྒྱལ་གྱི་གྲུབ་འབྲས་ཆེན་པོ་རབ་དང་རིམ་པ་མངོན་པར་བྱས་ཏེ། རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་རྒྱལ་གཅེས་ཀྱི་སློབ་ཚན་གསོན་ཉམས་དོད་པོ་ཞིག་ཁྲིད་ཡོད། ལེ་ཚན་གྱི་སྐུ་མགྲོན་གྱིས་རང་ཉིད་ཀྱི་མི་ཚེའི་མྱོང་བ་དང་འབད་འཐབ་ཀྱི་རྗེས་ཤུལ་ལ་བརྟེན་ནས་ཤེས་བྱ་ཁྱབ་སྤེལ་དང་སྤྱོད་བཟང་བརྒྱུད་སྤྲོད་བྱས་པས། དགེ་སློབ་དང་ལྟད་མོ་བ་ཚོའི་ཡིད་དབང་འཕྲོག་ནས་དུས་རབས་གསར་པའི་རླབས་ཆེན་གྱི་འཕེལ་རིམ་མྱོང་ཚོར་ཐུབ་ཡོད།
    ཁྲུང་ཆིང་གྲོང་ཁྱེར་ཏ་ཏུའུ་ཁོའུ་ཆུས་ཡུས་ཚའེ་སློབ་ཆུང་འཛུགས་སྐྲུན་གྲོང་ཚོའི་སློབ་ཁུལ་གྱི་སྐད་ཡིག་དགེ་རྒན་ཝང་དབྱི་ཡིས“ཚན་རིག་མཁས་པ་ཚོས་བསམ་ཚུལ་འདོན་པ་དང་དཀའ་ཚེགས་ཆེན་པོས་གནས་ཡུལ་འདེམས་པ་ནས་ས་ཚུགས་ཀྱི་དྲོད་ཚད་དམའ་བ་དང་གསོ་རླུང་མི་འདང་བ་སོགས་ཀྱི་ཆ་རྐྱེན་ཞན་པོ་ཁྱད་དུ་བསད་པའི་བར་དང་། དེ་ནས་འཇིག་རྟེན་འཕྲོ་ཐིག་ལྟ་ཞིབ་ས་ཚིགས་ལེགས་གྲུབ་ལྡན་པའི་ངང་བསྐྲུན་པའི་བར་ངའི་བློ་སྒོ་ཕྱེ་བྱུང་། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པ་ནི་སྲོལ་རྒྱུན་དང་གསར་གཏོད་ཡིན་ལ། ཀྲུང་གོའི་ཡིན་པ་དང་འཛམ་གླིང་གི་ཡང་ཡིན”ཞེས་བརྗོད།
    འབྱུང་འགྱུར་ང་ཡིས་འབད།
    ཁྱིམ་ཚང་ནི་རྒྱལ་ཁབ་ཆུང་ཤོས་དང་རྒྱལ་ཁབ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་ལས་གྲུབ་ཡོད།
    “ངས་དྲན་ཤོས་ནི་ངའི་འགྲམ་གྱི་འཐབ་གྲོགས་ཚོ་ཡིན”ཞེས་ཨ་འགོག་ཁྲའོ་རོགས་དུས་ཀྱི་དང་བླངས་དམག་གི་གནམ་གྲུ་གཏོང་མཁན་ཐའོ་ཝུའེ་ཡིས་བརྗོད་པ་དང་། ཐའོ་ཝའེ་ཡིས་དམག་འཐབ་གནམ་གྲུ་བཏང་ནས་དགྲ་བོའི་གནམ་གྲུ་དང“མཁའ་དབྱིངས་སུ་དམར་འཛིང”བྱེད་མྱོང་ཞིང་། ཁོང་གིས་བརྗོད་པའི་གསར་བརྗེའི་གཏམ་རྒྱུད་ཉན་རྗེས་སློབ་གྲོགས་ཚོ་མིག་ཆུ་རང་དབང་མེད་པར་ཤོར་བཞིན་མི་དམངས་མཁའ་དམག་གི་ངོ་མཚར་ཆེ་བའི་མཁའ་སྐྱོད་བྱས་རྗེས་ཀྱི་རྒྱབ་ལྗོངས་རྟོགས་པ་དང་། འདི་ནི་དཔའ་བོས་དཔའ་ངར་ཞུམ་མེད་ངང་ཁྱིམ་སྲུང་རྒྱལ་སྐྱོབ་བྱས་པ་ཞིག་རེད། “དུས་རབས་ཀྱི་མིག་དཔེ”དང“རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་མིག་དཔེ”ཀྲའོ་ཡ་ཧྥུའུ་ཡིས“ངེས་པར་དུ་རང་ཉིད་ཀྱིས་སྦྱངས་པའི་ཞིང་ལས་ཤེས་བྱ་སྤྱད་དེ་ཞིང་པ་དབུལ་སྒྲོལ་ཐུབ་རོགས་བྱེད་ཀྱི་ཡིན”ཞེས་བརྗོད་པ་དང་། ཁོང་གིས་སློབ་ཕྲུག་ཚོ་དང་མཉམ་དུ་གྲོང་གསེབ་ཀྱི་ཞིང་ཁའི་རྣང་མར་བསྡད་དེ་གྲོང་ཚོ་དབུལ་པོ་ཞིག་འཕོ་འགྱུར་ཆེན་པོ་བྱུང་བའི་འབད་འཐབ་ཀྱི་གཏམ་རྒྱུད་བརྗོད་བཞིན། “སྒེར་གྱི་ཁེ་ཕན”དང“སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་ཁེ་ཕན”མཉམ་འདྲེས་ཐུབ་ནས་མེས་རྒྱལ་ལ་ལང་ཚོ་སྐྱེས་སུ་འབུལ་བའི་རིན་ཐང་དོན་གཉེར་གསལ་བཤད་བྱས་ཡོད།
    མིག་དཔེར་སློབ་སྦྱོང་དང་། མིག་དཔེའི་རྗེས་སུ་འབྲང་བ། མིག་དཔེར་འགྱུར་བ་བཅས་བྱས་པ།
    ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)མཚན་ཉིད་རིག་པའི་སློབ་དཔྱོད་པུའི་དགེ་རྒན་ཆེ་མོ་བ་ཆའོ་ཆིང་ཅུས་དང་། ཧྥུའུ་ཅན་ཞིང་ནགས་སློབ་ཆེན་ཐོན་ཁུངས་དང་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་དང་ཚན་རྩལ་ཆེད་མངགས་པ་ལེའོ་ཧུང་། བརྒྱད་བཅུ་ནང་སྐྱེས་ཀྱི“ཞིང་པ་གསར་པའི”འཐུས་མི་ཝུའེ་ཆའོ་སོགས་2023ལོའི《སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི》སློབ་ཁང་དུ་གཅིག་རྗེས་གཉིས་མཐུད་ངང་ཡོང་ཞིང་། ཁོང་ཚོས་ངལ་བ་ཁྱད་བསད་ཀྱི་འབད་འཐབ་གཏམ་རྒྱུད་ལ་བརྟེན་ནས་སློབ་གྲོགས་ཚོར་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་གྱི་ཁ་ཕྱོགས་དང་སྒུལ་ཤུགས་གླེང་ནས། བློ་ཁོག་ཆེན་པོས་འགན་འཁྲི་ལྕི་པོ་འཁུར་དགོས་པའི་འབོད་སྐུལ་བྱས་ཡོད།
    《སློབ་འགོ་ཚུགས་པའི་སློབ་ཚན་དང་པོར》བརྗོད་པའི་གནས་ལུགས་འདི་དག་སློབ་མ་ཚོའི་སེམས་ལ་ཡག་པོ་ཟུག་ཡོད་ལ། ཁྱིམ་བདག་ཚོར་ཡང་མྱོང་ཚོར་ཟབ་མོ་བྱུང་ཡོད། སི་ཁྲོན་ཞིང་ཆེན་མེ་ཧྲན་གྲོང་ཁྱེར་སློབ་ཆུང་དང་པོའི་སློབ་མ་ལུང་ཡན་ཤིས་ཀྱི་ཨ་མས“ལེ་ཚན་ནང་སྲོལ་རྒྱུན་གྱི་རི་མོ་དང་། ཡིག་གཟུགས་སོགས་ཀྱི་སྐོར་བསྟན་པ་མ་ཟད། དེང་རབས་ཀྱི་ཁོར་ཡུག་སྲུང་སྐྱོང་དང་། ཞིང་ལས། འཇིག་རྟེན་འཕུར་སྐྱོད་བཅས་ཀྱི་སྐོར་ཡང་བསྟན་སོང་། ལེ་ཚན་ལྟ་བ་དང་ཉན་པ་དང་། ཐོག་མའི་བསམ་འདུན་བསྐྱར་དྲན་བྱེད་པ། འཕེལ་རྒྱས་ཤེས་རྟོགས་བཅས་བྱེད་རིང་ང་དང་ཕྲུ་གུའི་གདེང་ཚོད་ཆེ་རུ་ཕྱིན་སོང་། ཕྲུ་གུས་འཇོན་ཐང་ཡག་པོ་སྦྱངས་ཏེ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་རེ་བ་ཡོད”ཅེས་བརྗོད།
    《སློབ་འགོ་ཚུགས་པའི་སློབ་ཚན་དང་པོས》“བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེན་པོར”བརྟེན་ནས་དུས་རབས་ཀྱི་མི་གསར་གསོ་སྐྱོང་བྱས་ཡོད། སློབ་ཁྲིད་བྱ་ཡུལ་སྲོལ་རྒྱུན་གྱི་སློབ་ཁང་ཙམ་མ་ཡིན་པར་ཀྲུང་གོའི་རྒྱལ་ཁབ་པར་གཞི་ཁང་དང་། ཝུའུ་དབྱི་ཧྲན་རི་བོའི་རྒྱལ་ཁབ་སྤྱི་གླིང་། ཀྲུང་གོ་མཁའ་སྐྱོད་རྟེན་མཛོད་ཁང་སོགས་ཚང་མ་སྐོར་སྐྱོད་སློབ་ཁང་དུ་གྱུར་ནས་ཞིང་ནང་མུ་ཁ་དང་། སྐར་ཚོགས་བཀྲ་བའི་ནམ་མཁའི་འོག རང་བྱུང་ཁམས་བཅས་སུ་བློ་སྒོ་འབྱེད་ཡོད། སློབ་ཁྲིད་བྱེད་སྟངས་ཡི་གེ་ཁོ་ན་མིན་པར་རིག་དངོས་དང་། རི་མོ། CGའགུལ་རིས། ARལག་རྩལ་སོགས་ལ་བརྟེན་ནས་སློབ་ཁྲིད་ལ་རམ་འདེགས་བྱེད་ཅིང་། པར་ཤེལ་སྒྱུར་བ་དང་བསྟུན་ནས་སློབ་མ་རྣམས་ཡིན་མིན་བརྗེ་སྒྱུར་གྱི་རྣམ་པའི་ཁྲོད་གནས་ཏེ། མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཀླུང་ལ་ལྟ་ཞིང་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཕུགས་འདུན་སེམས་སུ་བཅངས་ཡོད།