འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་8ཉིན།

༄༅།།ལི་ཆང་གིས་དབྱིན་ཇིའི་ཚོགས་པའི་སྤྲོ་སྐྱིད་ཁང་48ཀྱི“བྱས་པ་ཅན”གྱི་2024ལོའི་དཔྱིད་གསར་
རྟེན་འབྲེལ་གྱི་བྱེད་སྒོར་རྟེན་འབྲེལ་གློག་འཕྲིན་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་08ཉིན། 15:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་5ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་དབྱིན་ཇིའི་ཚོགས་པའི་སྤྲོ་སྐྱིད་ཁང་48ཀྱི“བྱས་པ་ཅན”གྱི་2024ལོའི་དཔྱིད་གསར་རྟེན་འབྲེལ་གྱི་བྱེད་སྒོར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད།
    ལི་ཆང་གིས་དུས་ཡུན་རིང་པོའི་ནང་དབྱིན་ཇིའི་ཚོགས་པའི་སྤྲོ་སྐྱིད་ཁང་48ཀྱིས་ཀྲུང་དབྱིན་དཔལ་འབྱོར་ཚོང་དོན་འགྲོ་འོང་དང་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་གཉིས་ཁེ་གཉིས་ཕན་ལ་སྐུལ་འདེད་བཏང་བ་མ་ཟད། ཕན་ཚུན་བསམ་ཤེས་བྱེད་ཟབ་ཏུ་བཏང་ཡོད། དབྱིན་ཇིའི་མཛའ་གྲོགས་མི་སྣ་རྒན་རབས་ཚོས་ཕུལ་བའི་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ནམ་ཡང་བརྗེད་མི་སྲིད། ཀྲུང་དབྱིན་རྒྱལ་ཁབ་གཉིས་པོས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དེ་ནི་ཕྱོགས་གཉིས་པོའི་རྩ་བའི་ཁེ་ཕན་དང་མཐུན་ཡོད་ལ་འཛམ་གླིང་ཞི་བདེ་དང་དར་རྒྱས་ཡོང་བར་ཡང་ཕན་པ་ཡོད་པ་ལག་ལེན་ལས་ར་སྤྲོད་གང་ལེགས་ཐུབ་ཡོད། ཀྲུང་དབྱིན་ལས་རིགས་ཁག་གི་ཤེས་ལྡན་པས་ལེགས་སྐྱེས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་མུ་མཐུད་བྱ་སྤྱོད་ཧུར་ཐག་སྤེལ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་། ཀྲུང་དབྱིན་མཛའ་གྲོགས་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཆུ་ཚད་དེ་བས་མཐོ་བའི་གཉིས་ཁེ་གཉིས་ཕན་མངོན་འགྱུར་ཡོང་བ་བཅས་ཀྱི་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།