འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་7ཉིན།

༄༅།།ཕྱི་ཕྱོགས་ཚོང་དོན་བསྡོམས་འབོར་དང་ཕྱིར་གཏོང་གྲངས་འབོར་གཉིས་ཀས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་07ཉིན། 11:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འཕྲུལ་ཆས་བཟོ་ལས་འཕེལ་རྒྱས་ལ་བཀྲག་མདངས་འཚེར་ས་མང་བ།
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་འཕྲུལ་ཆས་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། 2023ལོར་འཕྲུལ་ཆས་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་8.7%འཕར་བ་དེ་རྒྱལ་ཡོངས་ཀྱི་བཟོ་ལས་དང་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཚད་ལས་བརྒྱ་ཆའི་གྲངས་4.1དང་3.7ལས་མཐོ་བ་དང་། ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་29.8ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་6.8%འཕར་བ། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1.8ཟིན་པ་དེ་དུས་མཚུངས་ལས་4.1%འཕར་ནས་ལས་རིགས་འཕེལ་རྒྱས་ཐད་བཀྲག་མདངས་འཚེར་ས་མང་པོ་ཐོན་ཡོད།
    2023ལོའི་ལོ་མཇུག་བར། འཕྲུལ་ཆས་བཟོ་ལས་ཀྱི་གཞི་ཁྱོན་ཡན་གྱི་ཁེ་ལས་གྲངས་འབོར་ཁྲི་12.1ཟིན་པ་དེ་ལོ་གོང་མ་ལས་ཁྲི་1མང་དུ་ཕྱིན་ནས་རྒྱལ་ཡོངས་ཀྱི་བཟོ་ལས་ནང་བཟུང་བའི་བསྡུར་གྲངས་25%ཡིན་པ་དང་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.3འཕར་བ་དང་རྒྱུ་ནོར་བསྡོམས་གྲངས་སྒོར་དུང་ཕྱུར་ཁྲི་36ཟིན་པ་དེ་དུས་མཚུངས་ལས་9.9%འཕར་བ་དང་། རྒྱལ་ཡོངས་ཀྱི་བཟོ་ལས་ནང་བཟུང་བའི་བསྡུར་གྲངས་21.5%ཟིན་པ། ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.7མཐོ་རུ་ཕྱིན་ཡོད།
    འཕྲུལ་ཆས་བཟོ་ལས་དང་འབྲེལ་བ་ཆེ་བའི་ལས་རིགས་ཆེན་པོ་ལྔའི་མ་འཇོག་འཕར་ཚད་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་པའི་འཕར་ཚད་ལས་སྤྱིའི་ཆ་ནས་མཐོ་བ་ཡོད། དེའི་ནང་རླངས་འཁོར་དང་གློག་རླངས་འཕྲུལ་ཆས་ལ་མ་འཇོག་བྱེད་ཚད་མགྱོགས་མྱུར་འཕར་ཞིང་། འཕར་ཚད་19.4%དང་32.2%སོ་སོར་ཟིན་པ་དང་ལྷག་པར་དུ་གློག་རླངས་འཕྲུལ་ཆས་ལ་མ་འཇོག་བྱེད་པའི་འཕར་ཚད་ལོ་གཉིས་བསྟུད་མར་32%ལས་མཐོ་བ་ཡོད།
    འགག་སྒོའི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། 2023ལོར་འཕྲུལ་ཆས་བཟོ་ལས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་དུང་ཕྱུར་ཁྲི་1.09ཟིན་པ་དེ་དུས་མཚུངས་ལས་1.7%འཕར་བ་དང་། ལོ་གསུམ་བསྟུད་མར་ཨ་སྒོར་དུང་ཕྱུར་ཁྲི་ལས་བརྒལ་བ་དེས་རྒྱལ་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ནང་18.3%བཟུང་ཡོད།
    2023ལོར་འཕྲུལ་ཆས་བཟོ་ལས་ཀྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་འབྲེལ་ཡོད་ལས་རིགས་ཀྱི་བསྡོམས་རྩིས་བརྒྱབ་པའི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་24.2ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་7.8%འཕར་བ་དང་། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1.4ཟིན་པ་དེ་དུས་མཚུངས་ལས་7.0%འཕར་བ། འཕྲུལ་ཆས་བཟོ་ལས་ནང་བཟུང་བའི་བསྡུར་ཚད་ཁག་སོ་སོར་81.3%དང་81.0%ཡིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་ཁག་སོ་སོར་བརྒྱ་ཆའི་གྲངས་0.7དང་བརྒྱ་ཆའི་གྲངས་2.2མཐོ་རུ་ཕྱིན་ཡོད།
    2023ལོའི་ལོ་མཇུག་བར། འཕྲུལ་ཆས་བཟོ་ལས་སྒོ་བྱང་བཀལ་ནས་འཁོར་རྒྱུག་བྱས་པ་དང་ཆོག་མཆན་ཐོབ་ནས་འཛུགས་སྐྲུན་བྱས་པའི་གཙོ་གནད་ཚོད་ལྟ་ཁང་དང་། ལས་གྲྭ་ཞིབ་འཇུག་ལྟེ་གནས། གསར་གཏོད་ལྟེ་གནས་བཅས་ཁྱོན་260ཡོད་པ་དེ་ལོ་གོང་མའི་ལོ་མཇུག་ལས་8མང་དུ་ཕྱིན་ཡོད།