འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་7ཉིན།

༄༅།།2023ལོར་སྤྱི་ཚོགས་འཛད་རྫས་སིལ་ཚོང་དངུལ་འབོར་དུས་མཚུངས་ལས་7.2%འཕར་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་07ཉིན། 11:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཚོང་དོན་པུའུ་ཡི་འཛད་སྤྱོད་སྐུལ་འདེད་སིའི་འགན་འཁུར་བས། 2023ལོའི་ཟླ་བཅུ་གཉིས་པར་རང་རྒྱལ་གྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་4.36ཟིན་པ་དེ་དུས་མཚུངས་ལས་7.4%འཕར་ཡོད། 2023ལོའི་ལོ་ཧྲིལ་པོར་སྤྱི་ཚོགས་འཛད་རྫས་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་47.15ཟིན་པ་དེ་དུས་མཚུངས་ལས་7.2%འཕར་བ་དང་། མཐའ་མའི་འཛད་སྤྱོད་གཏོང་སྒོས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་82.5%ཟིན་ནས་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་འཛད་སྤྱོད་ཀྱི་གཞི་རྩའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད་ཅེས་ངོ་སྤྲོད་བྱས།
    ཚོང་ཟོག་བྲིན་ཚོང་བརྟན་པོའི་ངང་འཕར་བ། 2023ལོའི་ལོ་ཧྲིལ་པོར་ཚོང་ཟོག་སིལ་ཚོང་བྱེད་ཚད་དུས་མཚུངས་ལས་5.8%འཕར་བ་དང་། རླངས་འཁོར་བྲིན་ཚོང་འཕར་བའི་རྣམ་པ་བཟང་པོ་མུ་མཐུད་རྒྱུན་འཁྱོངས་ཐུབ་ནས་ལོ་ཧྲིལ་པོར་རླངས་འཁོར་བཙོངས་ཚད་ཁྲི་3009.4ཟིན་པ་དེ་དུས་མཚུངས་ལས་12%འཕར་ཡོད།
    དྲ་ཐོག་དང་དྲ་ཕྱི་གཉིས་མཐུན་སྦྱོར་འཕེལ་རྒྱས་བྱུང་བ། དྲ་ཐོག་སིལ་ཚོང་མགྱོགས་མྱུར་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་2023ལོའི་ལོ་ཧྲིལ་པོར་དྲ་ཐོག་ནས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་15.43ཟིན་པ་དེ་དུས་མཚུངས་ལས་11.0%འཕར་ནས་དངོས་གཉེར་ཚོང་ཁང་ནས་སིལ་ཚོང་བྱེད་ཚད་རྒྱུན་མཐུད་སླར་གསོ་དང་ལེགས་སུ་འགྲོ་བཞིན་ཡོད་པ་རེད།