འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སོ་ཏི་ཨ་རབ་ཁུང་ཙི་སློབ་གླིང་གིས་དཔྱིད་གསར་དུས་ཆེན་གྱི་རིག་གནས་བྱེད་སྒོ་ཐོག་མ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་02ཉིན། 15:51】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ཟླ་1ཚེས་29ཉིན། སོ་ཏི་ཨ་རབ་ཀྱི་གྲོང་ཁྱེར་རི་ཡ་ཏེའི་སུར་ཐན་ཆིན་ཝང་སློབ་ཆེན་གྱི་སློབ་མས་ཁུང་ཙི་སློབ་གླིང་གི་འགྲེམས་གནས་ཀྱི་མདུན་དུ་ཤོག་དྲས་འབྲུག་སྟོན་བཞིན་པ།
འདི་ནི་ཟླ་1ཚེས་29ཉིན། སོ་ཏི་ཨ་རབ་ཀྱི་གྲོང་ཁྱེར་རི་ཡ་ཏེའི་སུར་ཐན་ཆིན་ཝང་སློབ་ཆེན་གྱི་སློབ་མས་ཁུང་ཙི་སློབ་གླིང་གི་འགྲེམས་གནས་ཀྱི་མདུན་དུ་ཤོག་དྲས་འབྲུག་སྟོན་བཞིན་པ། 
     ཟླ་1ཚེས་29ཉིན། སོ་ཏི་ཨ་རབ་ཀྱི་རྒྱལ་ས་རི་ཡ་ཏིའི་སུར་ཐན་ཆིན་ཝང་སློབ་ཆེན་གྱི་སློབ་ཁྲིད་ཐོག་ཁང་དུ་མི་ཚོགས་ཀྱིས་ཁེངས་ཤིང་འཁྲུག་ཆ་ཧ་ཅང་དོད་པོ་ཡོད། ལྒང་བཞུ་དམར་པོ་དང་། བཀྲ་ཤིས་པའི་དཔྱིད་གསར་གྱི་ཆ་ཡིག སྙན་འཇེབས་ལྡན་པའི་པི་ཝང་རྒྱུད་གཉིས་མའི་སྒྲ་དབྱངས་སོགས་སུར་ཐན་ཆིན་ཝང་སློབ་ཆེན་ཁུང་ཙི་སློབ་གླིང་གི་འབྲུག་ལོའི་དཔྱིད་གསར་དུས་ཆེན་གྱི་རིག་གནས་བྱེད་སྒོས་སོ་ཏི་ཨ་རབ་ཀྱི་དགེ་སློབ་དང་རྒྱལ་སྤྱིའི་གྲོགས་པོ་མང་པོ་ཞིག་ཉམས་ལེན་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།