འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་ལོའི་ལྕགས་ལམ་ལོ་སི་དུམ་བུར་ཉིན་གཅིག་ལ་དངོས་ཟོག་དབོར་ཚད་ཏུན་ཁྲི་2ལས་
ཐོག་མར་བརྒལ་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་02ཉིན། 15:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝན་ཐེན་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་ལོ་ཀྲུང་ལྕགས་ལམ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཚེས་28ཉིན་ཀྲུང་ལོའི་ལྕགས་ལམ་ལོ་སི་དུམ་བུར་ཉིན་གཅིག་ལ་དངོས་ཟོག་དབོར་ཚད་ཏུན་ཁྲི་2ལས་ཐོག་མར་བརྒལ་བ་རེད།
    ལོ་ཀྲུང་ལྕགས་ལམ་ཚད་ཡོད་ཀུང་སིས་བསྡོམས་རྩིས་བརྒྱབ་པའི་གྲངས་གཞི་ལས་མངོན་པར། 2024ལོའི་ཟླ་1ཚེས་28ཉིན་བར། ཀྲུང་ལོའི་ལྕགས་ལམ་ལོ་སི་དུམ་བུར་རིམ་རྩིས་བརྒྱབ་ན་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་677.37ཟིན་པའི་ནང་རྒྱལ་མཚམས་འཛུལ་སྒྲོལ་གྱི་དངོས་ཟོན་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་672.31ཟིན་པ་དང་། དངོས་ཟོག་གི་སྣ་ཁ་2700བར་མང་དུ་ཕྱིན་ཡོད། ད་དུང་གྲངས་གཞི་ལས་མངོན་པར། 2023ལོ་ཧྲིལ་པོར་ཟོག་འདྲེན་མེ་འཁོར་གཏོང་ཐེངས་4821ཟིན་པ་དེ་དུས་མཚུངས་ལས་146.3%འཕར་བ་དང་། དངོས་ཟོག་དབོར་ཚད་ཏུན་ཁྲི་408.93ཟིན་པ་དེ་དུས་མཚུངས་ལས་183.1%འཕར་ཡོད།