འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཕུའུ་ཅིང་གིས་དོན་འདི་བསྒྲགས་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་02ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་31ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་འདེམས་བསྐོ་མ་བྱས་གོང་གི་དྲིལ་བསྒྲགས་བྱེད་སྒོ་ཞིག་གི་ཐོག  མིག་སྔར་རྒྱལ་ཁབ་གལ་ཆེན་ལ་རྙོག་འཛིང་ཆེ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་གནས་ཡོད་ཅེས་བཤད་པ་རེད། 
     ཡུག་རེན་གྱི་བཟུང་དམག་65བསྡད་ཡོད་པའི་དབྱི་ཨར-76རྟགས་ཅན་གྱི་སྐྱེལ་འདྲེན་གནམ་གྲུར་འཇབ་རྒོལ་བྱས་ནས་སར་ལྷུངས་བའི་དོན་རྐྱེན་ཐད་ཕུའུ་ཅིང་གིས། གསལ་འབྱེད་བྱས་པ་ལས་དབྱི་ཨར-76རྟགས་ཅན་གྱི་སྐྱེལ་འདྲེན་གནམ་གྲུ་ནི་ཡུག་རེན་གྱི་ཚོད་འཛིན་ས་ཁུལ་ནས་ས་གནས་དང་དུས་ཚོད་བྱེ་བྲག་པར་ཨ་རིས་བཟོས་པའི“རྒྱལ་གཅེས་པ”འཕུར་མདའ་ཡིས་གཏོར་བ་རེད། ཨུ་རུ་སུས་དོན་རྐྱེན་ལ་རྒྱལ་སྤྱིའི་བརྟག་དཔྱད་བྱ་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།  
     ཨུ་རུ་སུའི་པིའར་ཀོ་ལུའོ་ཏེ་མངའ་སྡེ་རུ་དེ་སྔོན་མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས་ནས་མི་སེར་ཤི་རྨས་བྱུང་བའི་ཐད། ཕུའུ་ཅིང་གིས་ཨུ་རུ་སུ་ཕྱོགས་ཀྱིས་ནུས་ལྡན་གྱི་ཁ་གཏད་འཇལ་ཐབས་སྤྱོད་བཞིན་ཡོད་ཅེས་བཤད།