འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོ་ཐེངས་དང་པོར་ཨ་རི་ལས་བརྒལ་འདུག

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་02ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ལྷོ་ཁོ་རེ་ཡའི་མཉམ་འབྲེལ་གསར་འགྱུར་ཁང་ནས་གནས་འཕྲིན་སྤེལ་བར་གཞིགས་ན། ལྷོ་ཁོ་རེ་ཡའི་བསྡོམས་རྩིས་ཐིང་གིས་ཟླ་2ཚེས་1ཉིན་ཡོངས་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པར། ལྷོ་ཁོ་རེ་ཡའི་2023ལོའི་ལོ་ཧྲིལ་པོར་དྲ་ཐོག་ཉོ་སྒྲུབ་བྱེད་ཚད་སྔ་ལོའི་དུས་མཚུངས་ལས་8.3%འཕར་བ་དང་། ལྷོ་ཁོ་རེ་ཡའི་སྒོར་དུང་ཕྱུར་ཁྲི་227.347(ཧ་ལམ་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་1.23ཙམ་)ཟིན་ནས། 2001ལོ་ནས་བཟུང་འབྲེལ་ཡོད་བསྡོམས་རྩིས་བྱས་ཚུན་གྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད་པ་རེད། 
     2023ལོ་ཧྲིལ་པོར་ལྷོ་ཁོ་རེ་ཡའི་རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་ནང་འདྲེན་བྱེད་ཚད་ལོ་སྔོན་མའི་དུས་མཚུངས་ལས་26.9%འཕར་ནས། ལྷོ་ཁོ་རེ་ཡའི་སྒོར་དུང་ཕྱུར་ཁྲི་6.7567ཟིན་པ་དེ་2014ལོ་ནས་བཟུང་འབྲེལ་ཡོད་བསྡོམས་རྩིས་བྱས་ཚུན་ལྷོ་ཁོ་རེ་ཡའི་སྒོར་དུང་ཕྱུར་ཁྲི་6གི་འགག་སྒོ་ལས་ཐོག་མར་བརྒལ་ཡོད་པ་རེད། 
     ནང་འདྲེན་བྱ་ཡུལ་རྒྱལ་ཁབ་ནས་བལྟས་ན། ཀྲུང་གོ་ནས་ནང་འདྲེན་བྱེད་ཚད་སྔ་ལོའི་དུས་མཚུངས་ལས་121.2%འཕར་ནས་ལྷོ་ཁོ་རེ་ཡའི་སྒོར་དུང་ཕྱུར་ཁྲི་3.2873ཟིན་ཡོད་པ་རེད། ཨ་རིའི་ནང་འདྲེན་གྲངས་འབོར་དེ་ལོ་སྔོན་མའི་དུས་མཚུངས་ལས་7.3%ཆག་ནས་ལྷོ་ཁོ་རེ་ཡའི་སྒོར་དུང་ཕྱུར་1.8574ཟིན་ཡོད་པ་རེད། ད་བར་ཀྲུང་གོ་ཨ་རི་ལས་ཐེངས་དང་པོར་བརྒལ་ནས་ལྷོ་ཁོ་རེ་ཡའི་རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཚོང་དོན་ནང་འདྲེན་བྱ་ཡུལ་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ཡོད།