འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཁྱབ་ཁོངས་འདིའི་ནང་ཀྲུང་གོ་གོ་ལ་ཧྲིལ་པོའི་ཨང་དང་པོ་སླེབས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་02ཉིན། 08:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཐུན་མོང་གསར་འགྱུར་ཁང་སོགས་ལྗར་པན་གྱི་སྨྱན་སྦྱོར་ཚན་པ་མང་པོ་ཞིག་གིས། ཟླ་དང་པོའི་ཚེས་31ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ལྗར་པན་གྱི་རླངས་འཁོར་བཟོ་ལས་ཚོགས་པས་ཉིན་དེར་ལྗར་པན་གྱི་2023ལོའི་རླངས་འཁོར་ཕྱིར་གཏོང་གི་གཞི་གྲངས་ཁྱབ་བསྒྲགས་བྱས་པ་ལྟར་ན། རླངས་འཁོར་ཁྲི་442ཟིན་པ་དེའི་ཐོག་ནས་ཀྲུང་གོ་ཐོག་མར་ལྗར་པན་ལས་བརྒལ་ནས་ལོ་འཁོར་གྱི་རླངས་འཁོར་ཕྱིར་གཏོང་བྱེད་པ་མང་ཤོས་ཀྱི་རྒྱལ་ཁབ་དང་པོར་གྱུར་པ་མཚོན་ཡོད་པ་རེད། གནས་འཕྲིན་སྤེལ་བར་གཞིགས་ན། 2016ལོ་ནས་བཟུང་། ལྗར་པན་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད།