འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གཡུ་སྒྲོན་ལྷ་མོར་རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་གངས་ཤུད་རི་འཛེག་རྣམ་གྲངས་ཀྱི
་གསེར་གྱི་རྟགས་མ་དང་པོ་རག་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་01ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཧུའུ་ཧོ་ཧའོ་ཐེ་ནས་ཟླ་1ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན་རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་གངས་ཤུད་རི་འཛེག་རྣམ་གྲངས་ཀྱི་ཡོངས་བསྒྲགས་ཚོགས་ཆུང་གི་ཐག་ཐུང་འགྲན་བསྡུར་ནང་སོག་ཀྲ་ལན་ཐུན་གྲོང་ཁྱེར་ཅིན་ལུང་རི་བོའི་གངས་ཤུད་ཐང་དུ་གཉེར་ཞིང་། བོད་ཀྱི་འཐུས་མི་རུ་ཁག་གི་གཡུ་སྒྲོན་ལྷ་མོར་བུད་མེད་ཚོགས་ཆུང་གི་ཨང་དང་པོ་རག་པ་དེ་ནི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་གངས་ཤུད་རི་འཛེག་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་ཐོག་མ་ཡིན་པ་རེད།
    བོད་ལྗོངས་ཉིང་ཁྲི་ནས་ཡིན་པའི་གཡུ་སྒྲོན་ལྷ་མོར་2023ལོའི་ཟླ་2པར་གཉེར་བའི་གངས་ཤུད་རི་འཛེག་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ཐོག་བུད་མེད་ཀྱི་U20ཡི་ཐག་ཐུང་རྣམ་གྲངས་ཀྱི་ཨང་དང་པོ་རག་པ་དེ་ནི་ཀྲུང་གོའི་རུ་ཁག་ལ་རག་པའི་ལོ་རྒྱུས་ཐོག་གི་གངས་ཤུད་རི་འཛེག་གི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་ཐོག་མ་རེད། ཅི་ལིན་རུ་ཁག་གི་རེན་ཐུང་དང་ཧུའུ་ནན་རུ་ཁག་གི་ཡོས་ཧྲིན་མའེ་ལ་ཨང་གཉིས་པ་དང་གསུམ་པ་ཐོབ་ཡོད།
   སྐྱེས་པའི་ཚོགས་ཆུང་ནང་ཅི་ལིན་འཐུས་མི་རུ་ཁག་གི་ཀྲང་ཁྲེང་ཧའོ་ལ་ཨང་དང་པོ་རག་པ་དང་། ཤིན་ཅང་རུ་ཁག་གི་དབྱི་སི་མར·ཐོ་ཧོ་ཐར་ཨེ་ལི་དང་ཧྲན་ཏུང་རུ་ཁག་གི་ལིའུ་ཅན་པིན་ལ་ཨང་གཉིས་པ་དང་གསུམ་པ་རག་པ་རེད།
    དེ་ནི་གངས་ཤུད་རི་འཛེག་འགྲན་བསྡུར་རྒྱལ་ཡོངས་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས་ཐོག་རྣམ་གྲངས་བཀོད་སྒྲིག་བྱེད་ཐེངས་དང་པོ་རེད། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་རི་མཐོའི་ལུས་རྩལ་པུའི་ཀྲུའུ་རེན་ལི་ཝུན་མའོ་ཡིས“ད་ཐེངས་ཀྱི་འགྲན་བསྡུར་རྒྱལ་སྤྱིའི་སྒྲིག་སྲོལ་གཞིར་བཟུང་འཛམ་གླིང་རིམ་པའི་འགྲན་བསྡུར་གྱི་ཚད་གཞི་ལྟར་འགྲན་ར་དང་། རྣམ་གྲངས། འགྲན་བསྡུར་གྱི་སྒྲིག་སྲོལ་བཅས་བཀོད་སྒྲིག་བྱས་ཡོད” 2026ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་གངས་ཤུད་རི་འཛེག་འགྲན་བསྡུར་བྱ་རྒྱུ་ཡིན་པ་དང་། ཀྲུང་གོའི་རྒྱལ་ཁབ་རུ་ཁག་གི་རུ་མིས་ད་ཐེངས་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་སྦྱོང་བརྡར་ལ་བརྟེན་ནས་སྨི་ལན་དགུན་དུས་ཨོ་རྩལ་འགྲན་ཚོགས་སུ་བྱ་དགའ་ཐོབ་ཆེད་གྲ་སྒྲིག་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་གངས་ཤུད་རི་འཛེག་འགྲན་བསྡུར་ལ་ཞུགས་མཁན་ལུས་རྩལ་པའི་ཁྲོད་བོད་རིགས་བདམས་ཐོན་པ་གསུམ་ཆ་གཅིག་ལྷག་ཙམ་ཟིན་ཡོད།