འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གསར་དུ་བསྐོ་གཞག་བྱས་པའི་གཞུང་ཚབ་ཆེ་མོ་བས་ཕུལ་བའི་རྒྱལ་ཡིག་བཞེས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་01ཉིན། 13:07】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
ཟླ་1ཚེས་30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་42ཀྱིས་ཕུལ་བའི་རྒྱལ་ཡིག་བཞེས་པ་རེད། འདི་ནི་རྒྱལ་ཡིག་འབུལ་བའི་མཛད་སྒོ་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་གིས་པེ་ཅིང་ཚོམས་ཆེན་དུ་གཞུང་ཚབ་པ་ཚོར་མཉམ་སྡེབ་གསུང་བཤད་གནང་བ།
ཟླ་1ཚེས་30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་42ཀྱིས་ཕུལ་བའི་རྒྱལ་ཡིག་བཞེས་པ་རེད། འདི་ནི་རྒྱལ་ཡིག་འབུལ་བའི་མཛད་སྒོ་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་གིས་པེ་ཅིང་ཚོམས་ཆེན་དུ་གཞུང་ཚབ་པ་ཚོར་མཉམ་སྡེབ་གསུང་བཤད་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་42ཀྱིས་ཕུལ་བའི་རྒྱལ་ཡིག་བཞེས་པ་རེད།
     མི་དམངས་ཚོགས་ཁང་ཆེ་མོའི་བྱང་སྒོའི་ཕྱི་རོལ་དུ་གུས་དམག་གྲལ་སྟར་འགྲིག་པོས་གཞོགས་གཡས་གཡོན་གཉིས་སུ་ལངས་ནས་ཡོད་པ་དང་དུང་གཏོང་མཁན་གྱིས་མགྲོན་བསུའི་དུང་བཏང་བ་དང་། གཞུང་ཚབ་པ་རྣམས་གཅིག་མཇུག་གཉིས་མཐུད་ངང་ཕེབས་འབྱོར་ཟིན་ཞིང་། དར་སྦྲེང་རུ་སྟར་གྱི་དཀྱིལ་ནས་གཡང་ཊི་དཀར་པོའི་རྡོ་བཀྱག་འཛེགས་ནས་ཕེབས་པ་རེད།
     《རི་ཀླུང་འདི་འདྲའི་མཛེས་སྡུག་ལྡན་པ་ལ》ཞེས་པའི་ལྡེབས་རིས་ཆེན་པོའི་མདུན་དུ། ཞི་ཅིན་ཕིང་གིས་ཁག་སོ་སོར་གཞུང་ཚབ་ཆེ་མོ་བ་ཚོས་ཕུལ་བའི་རྒྱལ་ཡིག་རེ་རེ་བཞིན་བཞེས་པ་མ་ཟད། ཁོང་རྣམ་པ་དང་རེ་རེ་བཞིན་ལྷན་བཞུགས་སྐུ་པར་ཡང་བསྐྱོན་པ་རེད།
     ཁོང་རྣམ་པ་ནི། ཀྲུང་གོར་བཅའ་སྡོད་སིང་ཀ་ཕོར་གྱི་གཞུང་ཚབ་ཆེ་མོ་བ་ཁྲེན་ཧའེ་ཆོན་དང་། ཀྲུང་གོར་བཅའ་སྡོད་དབྱི་ཐ་ལིའི་གཞུང་ཚབ་ཆེ་མོ་བ་ཨན་པོ་སི། ཀྲུང་གོར་བཅའ་སྡོད་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེ་མོ་བ་ཧ་མ་ཏི། ཀྲུང་གོར་བཅའ་སྡོད་ནི་ཁ་ར་ཀྭའི་གཞུང་ཚབ་ཆེ་མོ་བ་ཁན་པེར། ཀྲུང་གོར་བཅའ་སྡོད་ཡུག་རེན་གྱི་གཞུང་ཚབ་ཆེ་མོ་བ་ལི་ཡ་པི་ཅིན། ཀྲུང་གོར་བཅའ་སྡོད་དབྱི་རན་གྱི་གཞུང་ཚབ་ཆེ་མོ་བ་པ་ཧོ་ཏི་ཡར། ཀྲུང་གོར་བཅའ་སྡོད་ཀེ་རེན་ན་ཏའི་གཞུང་ཚབ་ཆེ་མོ་བ་མ་ཡན། ཀྲུང་གོར་བཅའ་སྡོད་ཐུ་ནི་སིའི་གཞུང་ཚབ་ཆེ་མོ་བ་ཨ་ལ་པི། ཀྲུང་གོར་བཅའ་སྡོད་ཁུ་པའི་གཞུང་ཚབ་ཆེ་མོ་བ་པའེ་ཧྲི་ཏེ། ཀྲུང་གོར་བཅའ་སྡོད་པེར་ཀྲེམ་གྱི་གཞུང་ཚབ་ཆེ་མོ་བ་ཨན་པོ་ཉིང་སོགས་རེད།
     རྒྱལ་ཡིག་འབུལ་བའི་མཛད་སྒོ་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་གིས་པེ་ཅིང་ཚོམས་ཆེན་དུ་གཞུང་ཚབ་པ་ཚོར་མཉམ་སྡེབ་གསུང་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་གཞུང་ཚབ་པ་ཚོར་རང་སོ་སོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མི་དམངས་ལ་དཔྱིད་གསར་གྱི་སྨོན་འདུན་བཟང་པོ་ཞུ་ལུགས་བརྒྱུད་ཞུ་གནང་རོགས་ཞེས་ཞུས་ཤིང་། ཁོང་གིས་ཀྲུང་གོས་རྒྱལ་ཁབ་ཁག་གི་མི་དམངས་དབར་གྱི་མཛའ་གྲོགས་ལ་གཅེས་འཛིན་བྱེད་ཀྱི་ཡོད་ལ། འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག་རྒྱལ་ཁབ་ཁག་གི་མི་དམངས་དབར་མཛའ་གྲོགས་བརྩེ་སེམས་ཟབ་ཏུ་གཏོང་བ་དང་། གཉིས་ཕན་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས་ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། གཞུང་ཚབ་པ་ཚོས་ཀྲུང་གོ་ཕྱོགས་ཡོངས་དང་གཏིང་ཟབ་ཀྱི་སྒོ་ནས་ཤེས་རྟོགས་བྱས་ཏེ་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་འབྲེལ་ཐག་དམ་དུ་གཏོང་བ་དང་འབྲེལ་ཟམ་འཛུགས་པའི་རེ་བ་ཡོད། ཀྲུང་གོ་སྲིད་གཞུང་གིས་གཞུང་ཚབ་པ་ཚོར་འགན་འཁྲི་སྒྲུབ་པར་སྟབས་བདེ་སྐྲུན་པ་དང་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་རེད། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགོ་འཛུགས་ས་དང་དོན་ལ་བབས་ས་ནི་ཀྲུང་གོའི་མི་དམངས་དུང་ཕྱུར་14ལྷག་ཙམ་གྱི་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་རྒྱུ་དེ་ཡིན། འདི་འཛམ་གླིང་གི་ངོས་ནས་བརྗོད་ན་དེ་བས་རྒྱ་ཆེ་བའི་ཁྲོམ་ར་དང་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་གི་དེང་རབས་ཅན་ལ་སྒུལ་ཤུགས་ཆེན་པོ་བསྣན་རྒྱུ་ཡིན་པ་མཚོན་གྱི་ཡོད།
     ཞི་ཅིན་ཕིང་གིས་གསུངས་དོན། དེང་སྐབས་ཀྱི་འཛམ་གླིང་ཞི་བདེ་དེ་ཙམ་མེད། ཀྲུང་གོས་སྔར་བཞིན་མིའི་རིགས་ཀྱི་མདུན་ལམ་སེམས་སུ་འཆང་བ་དང་མི་དམངས་ལ་བདེ་རྩ་བསྐྲུན་པ་བསམ་འདུན་དུ་བྱས་ནས། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་ལ་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་ཧུར་ཐག་འབུལ་ནས། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན་དར་སྤེལ་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་བཏང་ནས་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་ཐུན་མོང་ཐོག་བསྐྲུན་དགོས།
     (པ་ཚེས་བསྒྱུར། པ་ཚེ་དང་བུ་ཁྲིད་ཀྱིས་ཞུས)