འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།དབྱིན་ཇིས་འདི་འཚོང་རྒྱུ་གཏན་འགོག་བྱ་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་31ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཚེས་29ཉིན། དབྱིན་ཇིའི་དབུ་བཞུགས་བློན་ཆེན་སུའུ་ན་ཁེ་ཡིས་ཁྲིམས་འཛུགས་ལ་སྐུལ་འདེད་བཏང་ནས། དབྱིན་ཇིར་ཐེངས་གཅིག་རང་བཞིན་གྱི་གློག་རྡུལ་ཐ་མག་ཁྱོན་ཡོངས་ནས་འཚོང་བ་གཏན་འགོག་བྱས་ཏེ། གློག་རྡུལ་ཐ་མག་འཐེན་མཁན་བྱིས་པ་དང་གཞོན་ནུ་ལོ་ཆུང་མང་དུ་འགྲོ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། འོན་ཀྱང་། ཉིན་དེར་སུའུ་ན་ཁེ་ཡིས་བཀག་རྒྱ་དེའི་ནུས་པ་ཐོན་པའི་ཞིབ་ཕྲའི་དུས་ཚོད་ཕྱིར་བསྒྲགས་བྱས་མེད། 
     ཚེས་29ཉིན། དབྱིན་ཇིའི་དབུ་བཞུགས་བློན་ཆེན་སུའུ་ན་ཁེ་ཡིས་དབྱིན་ཀེ་ལན་ས་ཁུལ་གྱི་བྱང་ཤར་རྒྱུད་དུ་གནས་པའི་སློབ་གྲྭ་ཞིག་ལ་འཚམས་འདྲི་བྱས། ཁོང་གིས་ཉེ་ལམ་དབྱིན་ཇིའི་བྱིས་པ་དང་གཞོན་ནུ་ལོ་ཆུང་གིས་གློག་རྡུལ་ཐ་མག་འཐེན་པའི་གནས་ཚུལ་ལ་སེམས་ཁྲལ་རུང་བ་ཞིག་རེད། སྣང་ཚུལ་དེ་ཉུང་དུ་གཏོང་ཆེད། སྲིད་གཞུང་གིས་ངེས་པར་དུ་བྱ་ཐབས་ནུས་ལྡན་སྤྱད་དེ། ཐེངས་གཅིག་གི་གློག་རྡུལ་ཐ་མག་བཙོངས་མི་ཆོག་པའི་བཀའ་རྒྱ་འགྲེམས་པ་དང་། དེ་བཞིན་བྱིས་པར་གློག་རྡུལ་ཐ་མག་འཚོང་མཁན་ཁྲིམས་འགལ་ཚོང་པར་ཆད་པ་ནན་པོར་གཅོད་རྒྱུ་སོགས་ཚུད་ཡོད་ཅེས་བཤད་པ་རེད། 
     ཉེ་ལམ། དབྱིན་ཀེ་ལན་དང་ཝེར་ཧྲིའི་ས་ཁུལ་དུ་ལུགས་མཐུན་ངང་རྡོ་ཐའི་ཐོན་རྫས་ཉོས་ཆོག་པའི་ལོ་ཚད་ལོ་18ཡིན་པ་རེད། 2023ལོའི་ཟླ་10པར་དབྱིན་ཇིའི་རྙིང་ཞེན་ཏང་གི་ཚོགས་འདུ་འཚོགས་པའི་ཐོག་སུའུ་ན་ཁེ་ཡིས་བྱེད་ཐབས་བཏོན་ནས་2009ལོའི་ཟླ་དང་པོའི་ཚེས་1ཉིན་དང་དེའི་རྗེས་སུ་སྐྱེས་པའི་མི་ཚོགས་ལ་རྡོ་ཐའི་ཐོན་རྫས་བཙོངས་མི་ཆོག་པ་དང་། དེ་ཡང་ལོ་14མ་ལོན་པའི་བྱིས་པར་ཐེངས་གཅིག་རང་བཞིན་གྱི་གློག་རྡུལ་ཐ་མག་བཙོངས་མི་ཆོག་ཅེས་བཤད་པ་རེད། ཁོང་གིས་ད་དུང་ཁྲིམས་མཐུན་བཞིན་ཐ་མག་འཐེན་ཆོག་པའི་ལོ་ཚད་ལོ་རེར་ལོ་གཅིག་རེ་ཆེ་རུ་གཏོང་རྩིས་ཡོད་ཅིང་། དེའི་ཐོག་ནས་ན་གཞོན་མི་རབས་ཚོ་ཐ་མག་མི་འཐེན་པར་འཚར་ལོངས་ཐུབ་ནས། མང་ཚོགས་ཀྱི་གཟུགས་གཞི་ཇེ་ཐང་དུ་འགྲོ་བར་བྱེད་པ་མཚོན་ཡོད་ཅེས་བཤད་པ་རེད།