འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་གྱི་ས་ཡོམ་གྱི་གེགས་རྗེས་བསྐྱར་སྐྲུན་ཁུལ་དུ་བཅར་འདྲིར་བསྐྱོད་པ།

——གེགས་རྗེས་བསྐྱར་སྐྲུན་གྱི་ཁག་དང་པོའི་རྣམ་གྲངས་18སྐྲུན་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་31ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་མེ།
     མིག་སྔར། རྨིན་ཧོ་དང་། བ་ཡན། ཡ་རྫི་བཅས་རྫོང་གསུམ་གྱི་གཏོར་སྐྱོན་ཐེབས་པའི་སྡོད་ཁང་དང་། སློབ་གྲྭ སྨན་ཁང་། བགྲོད་ལམ། ཆུ་མདོང་། འཕྲིན་གཏོང་སོགས་སྒྲིག་བཀོད་ལ་དམིགས་ནས་སླར་གསོ་བསྐྱར་སྐྲུན་བྱེད་ཀྱི་ཡོད། མཚོ་ཤར་གྲོང་ཁྱེར་གྱིས་སྤྱི་འདོམས་འཆར་འགོད་དང་། སྒྲིག་འཛུགས་ཞིབ་ཚགས། སྔ་ས་ནས་བྱ་སྤྱོད་སྤེལ་བ་བཅས་བྱས་ཏེ་གེགས་རྗེས་བསྐྱར་སྐྲུན་རྣམ་གྲངས་ཀྱི་འཆར་འགོད་སྒྲིག་བཟོའི་ལས་དོན་ཏན་ཏིག་སྤེལ་བཞིན་ཡོད་པ་དང་། ཨར་སྐྲུན་གྱི་ཆ་རྐྱེན་འཛོམས་པའི་རྣམ་གྲངས་18ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་པར་ཁྱོན་མ་དངུལ་སྒོར་ཁྲི་4717བཏང་ཡོད།
     མཚོ་ཤར་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧྲི་རྡོ་རྗེས། “གོམ་སྟབས་རྗེས་མར། ང་ཚོས་སྡོད་ཁང་གི་བདེ་འཇགས་གསལ་འབྱེད་ཀྱི་ཚང་བཤེར་ཆད་གསབ་ཀྱི་ལས་དོན་ལ་རྗེས་སྙེག་གིས་ཡག་པོ་སྒྲུབ་པ་དང་། གྲོང་གསེབ་ཀྱི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཉམས་བཟོ་དང་བརྟན་དུ་གཏོང་བ་དང་སླར་གསོ་བསྐྱར་སྐྲུན་རྣམ་གྲངས་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། མང་ཚོགས་ཚོའི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བ་སླར་གསོ་མགྱོགས་མྱུར་ཐུབ་པར་བྱེད་ཀྱི་ཡིན”ཞེས་བརྗོད།
     མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་རྨིན་ཧོ་རྫོང་ཀོན་ཐིང་གྲོང་རྡལ་པའོ་ཅཱ་སློབ་ཆུང་གི་ཨར་ལས་ཁུལ་དུ་ཡོད་པའི་ཀྲུང་གོ་འགྲིམ་འགྲུལ་བཟོ་སྐྲུན་ཚོགས་པ་ལས་གྲྭ་ཚད་ཡོད་ཀུང་སི་ལྔ་པའི་ལས་ཡུལ་གྱི་ཅིང་ལི་གཞོན་པ་ཀྲང་ཝེ་ཝེ་ཡིས“ཉིན་འདི་དག་རིང་། ང་ཚོས་ཉམས་བཟོ་དང་བརྟན་གཏོང་རྣམ་གྲངས་སྐྲུན་བཞིན་ཡོད། ཟླ་3ཚེས་1ཉིན་སློབ་གྲྭ་རྒྱུན་གཏན་ལྟར་འཚོག་ཐུབ་པར་འགན་ལེན་བྱེད་ཀྱི་ཡོད”ཅེས་དང་། “ང་ཚོས་ཟླ་1ཚེས་3ཉིན་ནས་བཟུང་ལས་མི་བཀོད་སྒྲིག་བྱས་ནས་གས་སྲུབས་ཤོར་བའི་གྱང་ཁག་ཅིག་བཤིག་པ་དང་སྦྲགས། དུས་འགོའི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ཡོད”ཅེས་བརྗོད།
     ཉིན་ཤས་བསྟུད་མར། མཚོ་ཤར་གྲོང་ཁྱེར་གྱིས་རིམ་པ་དང་རིགས་མི་འདྲ་བར་དབྱེ་བའི་བྱེད་ཐབས་སྤྱད་དེ་སློབ་གྲྭ་ཁག་21གི་གེགས་རྗེས་བསྐྱར་སྐྲུན་རྣམ་གྲངས་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་བཏང་བ་རེད། ཟླ་1ཚེས་15ཉིན། ཁྱོན་མ་དངུལ་སྒོར་ཁྲི་1578.33གཏོང་འཆར་ཡོད་པའི་རྨིན་ཧོ་རྫོང་ཀོན་ཐིང་གྲོང་རྡལ་པའོ་ཅཱ་སློབ་ཆུང་གི་ཕྱོགས་བསྡུས་ཐོག་ཁང་དང་། ཀན་ཀོའུ་ཤང་དར་དམར་ཐང་སློབ་ཁྲིད་ས་ཚིགས་ཀྱི་སློབ་ཁྲིད་ཐོག་ཁང་། ཀྲུང་ཁྲོན་ཤང་ཆིང་ཆོན་བུ་བཅོལ་ཁང་བརྟན་དུ་གཏོང་བའི་རྣམ་གྲངས་སོགས་གེགས་རྗེས་སླར་གསོའི་བསྐྱར་སྐྲུན་རྣམ་གྲངས་ཁག་དང་པོ་དངོས་སུ་སྐྲུན་འགོ་ཚུགས་པ་རེད། ཅི་ཧྲི་ཧྲན་དུ་ས་ཡོམ་རིམ་པ་6.2བརྒྱབ་ནས་ཟླ་བ་གཅིག་སོང་རིང་། མཚོ་ཤར་གྲོང་ཁྱེར་གྱིས་གེགས་རྗེས་བསྐྱར་སྐྲུན་རྣམ་གྲངས་ཀྱི་འཆར་འགོད་སྒྲིག་བཟོའི་ལས་དོན་ལ་སྐུལ་འདེད་བཏང་ནས། གཏོར་སྐྱོན་ཐེབས་པའི་སློབ་གྲྭ་ཁག་གཅིག་དང་ཉེན་ཁང་ལ་ཉམས་བཟོ་དང་བརྟན་དུ་གཏོང་བའི་ལས་དོན་མགྱོགས་མྱུར་སྒྲུབ་བཞིན་ཡོད་པ་རེད།
     མཚོ་ཤར་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་མཁས་གྲུབ་རྒྱ་མཚོས“ང་ཚོས་རང་འགུལ་ངང་ཞིང་ཆེན་རིམ་པའི་ཐིང་དང་ཅུས་ཁག་ལ་སྲིད་ཇུས་ཀྱི་སྟོན་ཕྱོགས་དང་མ་དངུལ་གཏོང་ཕྱོགས་ཐད་ཁ་གཏད་སྦྲེལ་མཐུད་བྱས་ཐོག་ཡུལ་མིའི་སྡོད་ཁང་གི་ཉམས་བཟོ་བསྐྱར་སྐྲུན་དང་ས་གཤིས་གནོད་འཚེའི་ཉེན་ཡོལ་གནས་སྤོ་དང་། སྤྱི་པའི་ཞབས་ཞུ་དང་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་སྒྲིག་བཀོད། འགྲིམ་འགྲུལ་སྒྲིག་བཀོད། ཞིང་ཁའི་ཆུ་བེད་སྒྲིག་བཀོད། ནུས་རྒྱུ་འཕྲིན་གཏོང་དང་གྲོང་སྲིད་སྒྲིག་བཀོད། ས་གཤིས་གནོད་འཚེར་ཕྱོགས་བསྡུས་འགོག་བཅོས་དང་སྐྱེ་ཁམས་སླར་གསོ་བཅས་ཁྱབ་ཁོངས་ཆེན་པོ་6ལ་དམིགས་ནས་བསྐྱར་སྐྲུན་ལས་དོན་འཆར་འགོད་བྱེད་ཀྱི་ཡོད”ཅེས་བརྗོད།
     མིག་སྔར། རྨིན་ཧོ་དང་། བ་ཡན། ཡ་རྫི་བཅས་རྫོང་གསུམ་གྱི་གཏོར་སྐྱོན་ཐེབས་པའི་སྡོད་ཁང་དང་། སློབ་གྲྭ སྨན་ཁང་། བགྲོད་ལམ། ཆུ་མདོང་། འཕྲིན་གཏོང་སོགས་སྒྲིག་བཀོད་ལ་དམིགས་ནས་སླར་གསོ་བསྐྱར་སྐྲུན་བྱེད་ཀྱི་ཡོད། མཚོ་ཤར་གྲོང་ཁྱེར་གྱིས་སྤྱི་འདོམས་འཆར་འགོད་དང་། སྒྲིག་འཛུགས་ཞིབ་ཚགས། སྔ་ས་ནས་བྱ་སྤྱོད་སྤེལ་བ་བཅས་བྱས་ཏེ་གེགས་རྗེས་བསྐྱར་སྐྲུན་རྣམ་གྲངས་ཀྱི་འཆར་འགོད་སྒྲིག་བཟོའི་ལས་དོན་ཏན་ཏིག་སྤེལ་བཞིན་ཡོད་པ་དང་། ཨར་སྐྲུན་གྱི་ཆ་རྐྱེན་འཛོམས་པའི་རྣམ་གྲངས་18ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་པར་ཁྱོན་མ་དངུལ་སྒོར་ཁྲི་4717བཏང་ཡོད་པ་རེད།
     མཚོ་ཤར་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧྲི་རྡོ་རྗེས། མཚོ་ཤར་གྲོང་ཁྱེར་གྱིས་བདེ་འཇགས་གསལ་འབྱེད་ལས་དོན་སྒྲིག་གཞི་52ཀྱི་ཚོགས་ཆུང་187དང་མི་440ལྷག་ཙམ་མངགས་ནས། རྫོང་དེ་གསུམ་གྱི་ཏུའུ་6ཁུལ་ནང་གི་ཤང་དང་གྲོང་རྡལ་40ཡི་སྲིད་འཛིན་གྲོང་ཚོ་371ལ་འཕྲལ་སྡོམ་དཔྱད་དཔོག་བྱས་པའི་རྨང་གཞིའི་ཐོག གྲོང་གསེབ་ཀྱི་སྡོད་ཁང་གི་བདེ་འཇགས་གསལ་འབྱེད་ལས་དོན་སྔར་བས་ཡག་པོ་སྤེལ་ཡོད། “གོམ་སྟབས་རྗེས་མར། ང་ཚོས་སྡོད་ཁང་གི་བདེ་འཇགས་གསལ་འབྱེད་ཀྱི་ཚང་བཤེར་ཆད་གསབ་ཀྱི་ལས་དོན་ལ་རྗེས་སྙེག་གིས་ཡག་པོ་སྒྲུབ་པ་དང་། གྲོང་གསེབ་ཀྱི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཉམས་བཟོ་དང་བརྟན་དུ་གཏོང་བ་དང་སླར་གསོ་བསྐྱར་སྐྲུན་རྣམ་གྲངས་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། མང་ཚོགས་ཚོའི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བ་སླར་གསོ་མགྱོགས་མྱུར་ཐུབ་པར་བྱེད་ཀྱི་ཡིན”ཞེས་ངོ་སྤྲོད་བྱས།
     མཚོ་ཤར་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལིའུ་ཁྲེང་གིས། རྨིན་ཧོ་དང་། བ་ཡན། ཡ་རྫི་བཅས་རྫོང་གསུམ་གྱི་སྔོན་སྤེལ་རྣམ་གྲངས་ཁག་སྔ་ཙམ་སྐྲུན་པར་སྐུལ་འདེད་གཏོང་ཆེད། མཚོ་ཤར་གྲོང་ཁྱེར་གྱིས་རྣམ་གྲངས་ཀྱི་དུས་འགོའི་ཞིབ་མཆན་འགོད་པའི“ཐོགས་མེད་བགྲོད་ལམ”གྱི་ལས་ཀའི་ལམ་སྲོལ་བཙུགས་ནས་རྣམ་གྲངས་ལ་ཞིབ་མཆན་འགོད་པའི་བརྒྱུད་རིམ་སྟབས་བདེ་རུ་བཏང་བ་མ་ཟད། ད་དུང་ཞིབ་མཆན་འགོད་མཁན་སྡེ་ཚན་ཁག་དང་མཐུན་སྦྱོར་གྱིས་ཉིན་མཚན་དབྱེར་མེད་དུ་ཞབས་འདེགས་ཞུ་བའི་འདུ་ཤེས་ལྟར་ག་དུས་སྤྲད་ན་དེ་དུས་བདག་སྤྲོད་བྱས་ནས་གཉེར་ཐུབ་པར་བྱས་ཡོད། དེ་དང་ཆབས་ཅིག གཙོ་རྒྱུ་འགན་ལེན་སྡེ་ཚན་ཁག་དང་དུས་ཐོག་ཏུ་མཐུན་སྦྱོར་གྱིས་ལས་མི་དང་རྒྱུ་ཆ་གྲ་སྒྲིག་སོགས་ཀྱི་ཨར་ལས་གྲ་སྒྲིག་ལས་དོན་སྔ་ས་ནས་ཡག་པོ་བསྒྲུབས་ཡོད་ཅེས་ངོ་སྤྲོད་བྱས།