འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།“དམངས་འཚོར་ཕན་འདོགས་པ་དང་། དམངས་སེམས་ལ་དྲོ་སྐྱིད་སྦྱིན་པ། དམངས་ཀྱི་འདོད་བློ་
དང་བསྟུན་པ་བཅས་ཀྱི་ལས་དོན་མང་ཚོགས་ཀྱི་སེམས་ནང་ཟུག་པར་བྱེད་དགོས”

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་31ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
  “ངའི་སེམས་སུ་གེགས་ཁུལ་གྱི་མི་དམངས་མང་ཚོགས་བཅངས་ནས་ཡོད”2023ལོའི་ཟླ་11ཚེས་10ཉིན་པེ་ཅིང་མོན་ཐོའུ་ཀོའུ་ཆུས་མེའོ་ཧྥུང་ཧྲན་གྲོང་རྡལ་ཧྲུའེ་ཡུས་ཙུའེ་གྲོང་ཚོར་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ལ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་མར“གུང་ཁྲན་ཏང་ནི་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་མཁན་གྱི་ཏང་ཞིག་ཡིན་པས། ནམ་ཡང་མི་སེར་སེམས་གཏིང་གི་གལ་ཆེ་ཤོས་སུ་བཞག་ནས་ཉེན་སེལ་གུད་སྐྱོབ་ཡིན་ནའང་འདྲ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ཡིན་ཡང་རུང་ཚང་མར་ནུས་ཤུགས་ཡོད་རྒུ་འདོན་ངེས་ཡིན”ཞེས་གསུངས་ཡོད།
    དུས་དང་རྣམ་པ་ཀུན་ཏུ་འཆང་བའི་འཕྲེང་སེམས་དེ་ནི་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་དབུས་སུ་ཡོད།
   2023ལོའི་ཟླ་4ཚེས་3ཉིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་བའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དམངས་ལ་ཕན་པ་སྐྲུན་པའི་དམིགས་ཡུལ་ལག་ལེན་བསྟར་ཏེ་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་དགོས” “དམངས་འཚོར་ཕན་འདོགས་པ་དང་། དམངས་སེམས་ལ་དྲོ་སྐྱིད་སྦྱིན་པ། དམངས་ཀྱི་འདོད་བློ་དང་བསྟུན་པ་བཅས་ཀྱི་ལས་དོན་མང་ཚོགས་ཀྱི་སེམས་ནང་ཟུག་པར་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་དགོས”ཞེས་གསུངས་ཡོད།
    ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན།
    “རྒྱལ་སྲིད་ནི་མི་དམངས་ཡིན་ལ། མི་དམངས་ནི་རྒྱལ་སྲིད་ཡིན”
    མི་ཞིག་གི་རང་གཤིས་གང་འདྲ་ཡོད་མེད་ལས་སྲིད་ཏང་ཞིག་དང་སྲིད་དབང་ཞིག་གི་ངོ་བོར་བརྟག་ཐུབ་དོན་གང་ཡིན།
    ཐོག་མཐའ་བར་གསུམ་དུ་ཐུགས་དབུས་སུ་ཟབ་མོ་བཅངས། “ང་རང་ལོ་འགའ་ཤས་གོང་ཞུང་ཨན་དུ་ཡོང་མྱོང་ཡོད་ནའང་ས་ཆ་འདི་ཧ་ཅང་དྲན་པོ་འདུག ལྷག་པར་དུ་རང་གནས་སུ་ཁང་ཚབ་བརྒྱབ་པའི་མང་ཚོགས་ཁྲི་ཕྲག་ཁ་ཤས་ཀྱི་འཚོ་བ་གང་འདྲ་ཡོད་མེད་ལྟ་འདོད་བྱུང” 2023ལོའི་ཟླ་5པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཞུང་ཨན་ཁུལ་གསར་དུ་ཕེབས་སྐབས་ཆེད་མངགས་རུང་ཏུང་ཡུག་ཁུལ་གྱི་ནན་ཝུན་ཡིང་སྡེ་ཁུལ་དུ་ཕེབས་ནས་རང་གནས་སུ་ཁང་ཚབ་བརྒྱབ་པའི་མང་ཚོགས་ལ་རྒས་དུས་འཚོ་རྟེན་ཡོད་མེད་དང་ཟས་གོས་འགྲོ་འདུག་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་ནན་ཏན་ངང་གཟིགས་པ་རེད།
    2023ལོའི་ཟླ་6པར། ནང་སོག་ལ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གང་དུ་ཕེབས་ཀྱང་མི་སེར་གྱི་འཚོ་བ་ཡག་པོ་ཡོད་མེད་ཐུགས་དབུས་སུ་བཅངས་ནས་ཡོད། ཞིང་ནང་དུ། ས་ཞིང་བརྒྱུད་བཤུག་འགན་གཙང་ལེན་པ་ལས་ཞིང་པར་ཕན་པ་ཐོབ་ཡོད་མེད་དང་ས་ཞིང་བ་ཚྭ་ཅན་གྱི་སྒྱུར་བཀོད་བྱེད་སྟངས་ལད་ཟློས་ཆོག་མིན་བཀའ་འདྲི་ཞིབ་ཕྲ་གནང་བ་དང་། བྱེ་ཐང་དུ། འོད་ཤུགས་ཐོན་ལས་འཕེལ་རྒྱས་བཏང་ན་སྣེ་མང་དཔལ་འབྱོར་གྱི་ཁེ་འབབ་ཡོང་མིན་སོགས་ལ་དགོངས་བཞེས་གནང་།
    “འཚོ་བའི་ཁྲོད་ཀྱི་བྱ་བ་ཆུང་ཙག་ཚང་མ་མི་སེར་གྱི་ངོས་ནས་བརྗོད་ན་དངོས་འབྲེལ་དྲང་འབྲེལ་གྱི་དོན་ཆེན་ཤ་སྟག་ཡིན་ལ་ཁག་གཅིག་ཐ་ན་འཕྲལ་མཁོ་དང་དཀའ་གནད་རེད”ཅེས་པ་འདི་ནི་ལོ་མང་པོའི་གོང་། བློ་མཐུན་ཞི་ཅིན་ཕིང་གིས《སེམས་ལ་མི་སེར་མེད་ན་དཔོན་མི་འོས》ཞེས་པའི་གསུང་རྩོམ་ནང་བཀོད་པའི་བཀའ་མོལ་དུམ་བུ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་གཏིང་ཟབ་བསྟར་ཏེ་བྱིས་པ་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ལས་ཀར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམ་ཆུང་སྐྱོར་མཁན་ཡོད་པ་བཅས་ཀྱི་ཐད་རྒྱུན་མཐུད་ཤུགས་བརྒྱབ་སྟེ་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་དང་། སྤྱི་ཚོགས་འགན་སྲུང་མ་ལག སྨན་བཅོས་འཕྲོད་བསྟེན་མ་ལག་བཅས་བཏོད་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་ཟབ་པ་དང་། དེ་བས་འགན་སྲུང་ཐུབ་པ། དེ་བས་རྒྱུན་མཐུད་ཐུབ་པ་བྱས་པས་ཐུན་མོང་འབྱོར་ཕྱུག་ལ་ཕན་འབྲས་གསར་པ་ཐོན་ཡོད།

“མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས”“མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་དེ་ཁ་ཡོད་ལག་ཡོད་དུ་སྒྱུར་དགོས”རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྒྱང་ལམ་གསར་པར། “མི་དམངས་གོང་དུ་བཀུར་བའི”རྒྱུགས་ལན་ཡག་པོ་བརྒྱབ་པ་དེ་ནི་སྤྱི་ཡོངས་དང་འབྲེལ་བ་ཡོད།
     ཐམས་ཅད་མི་དམངས་ལ་བརྟེན་དགོས།
    ཐབས་ཇུས་དམངས་ལ་འདྲི་བ་དང་མཁོ་དགོས་དམངས་ལ་འདྲི་བ། མི་དམངས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ། མི་དམངས་ཀྱི་མངགས་བཅོལ་ལྟར་ལས་དོན་སྒྲུབ་པ་བཅས་བྱེད་དགོས།
    མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལང་བ་ནི་བརྩེ་སེམས་ཟབ་མོ་དང་ཐོག་མའི་བསམ་འདུན་དང་འགན་འཁྲི་རེད་ལ་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་གལ་ཆེན་ཞིག་ཀྱང་རེད།
    ས་སེར་ཡུལ་ལུང་ནས་ཀྲུང་ནན་ཧའེ་བར། བློ་མཐུན་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཁྲོད་ནས་ཕེབས་པ་དང་མང་ཚོགས་ཁྲོད་ཟབ་འཇུག་གནང་ནས་ཐབས་ཇུས་དམངས་ལ་འདྲི་བ་དང་མི་དམངས་ཀྱི་བསམ་ཚུལ་གསན་གྱི་ཡོད། “ཡང་དག་པའི་འགྲོ་ལམ་གང་ནས་བྱུང་བ་ཡིན་ནམ། མང་ཚོགས་ཁྲོད་ནས་བྱུང་བ་ཡིན”
    བརྟག་ཞིབ་ལ་བརྟེན་ནས་འགོ་རྩོམ་པ་དང་བརྟག་ཞིབ་ལ་བརྟེན་ནས་ལམ་འབྱེད་དགོས། དུས་རབས་གསར་པའི་ལོ་བཅུ་ཡི་རིང་གཞི་རིམ་གྱི་འཐབ་ས་དང་པོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཕེབས་མང་ཤོས་ཀྱི་ས་ཆར་གྱུར་ཡོད། 2018ལོའི་ལོ་འགོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གནམ་གྲུར་ཆུ་ཚོད་གསུམ་ལྷག་ཙམ་དང་རི་ཁུལ་དུ་རླངས་འཁོར་ལ་ཆུ་ཚོད་གཉིས་གསུམ་ཙམ་བཞུགས་ནས་ཁོང་ཚོར་གཟིགས་པར་ཕེབས་པ་ལེང་ཧྲན་གྱི་ཡུལ་མི་ཚོས་ནམ་ཡང་བརྗེད་མེད།
   “བརྟག་དཔྱད་ཞིབ་འཇུག་གི་ལས་དོན་སྤེལ་བ་ནི་མང་ཚོགས་ཀྱི་ལམ་ཕྱོགས་སུ་སྐྱོད་པ་ཞིག་ཡིན”2023ལོར། ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་གི་ལས་དོན་སྤེལ་རྒྱུའི་གཏན་འབེབས་བྱས་ཡོད། ལིང་ནན་ས་གཞི་ཆེན་པོ་ནས་ཧོ་ཐའོ་ཐང་གཤོངས་བར་དང་། འབྲི་ཆུའི་ལྷོ་རྒྱུད་ཀྱི་ཕ་ཡུལ་ནས་ཐན་ཧྥུའུ་ཡུལ་ལུང་བར་གཞུང་ལམ་དང་ཆུ་ལམ་གཙོ་བོར་རླངས་འཁོར་དང་གྲུ་གཟིངས་མང་པོ་ཕར་འགྲོ་ཚུར་འོང་བྱེད་པར་གཟིགས་པ་དང་། ཁེ་ལས་ཀྱི་འཁོར་ཁང་དུ་འཕྲུལ་འཁོར་གྱི་ལྡིར་སྒྲ་གསན་པ། སྡེ་ཁུལ་དང་ཞིང་དུད་སྤྲོ་སྐྱིད་ཁང་དུ་དམངས་དོན་མཁྱེན་རྟོགས་གནང་བར་ཕེབས་པ་སོགས་ཀྱི་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔོན་ལ་མིག་དཔེ་བསྟན་ནས་གསོན་ཉམས་དོད་ལ་དོན་སྙིང་ཟབ་པའི་བརྟག་ཞིབ་ཀྱི་དཔེ་སྟོན་གནང་ཡོད།
    འཕེལ་རྒྱས་ལ་བརྟེན་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན།
    མི་ནི་འཕེལ་རྒྱས་གཏོང་བའི་བྱེད་པོ་རེད་ལ་འཕེལ་རྒྱས་གཏོང་བའི་དམིགས་ཡུལ་ཡང་མི་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་དམངས་མང་ཚོགས་བློ་ཡིད་ཚིམ་མིན་ནི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ལ་ཤན་འབྱེད་པའི་རྩ་བའི་ཚད་གཞིར་བརྩི་དགོས་པའི”ནན་བཤད་གནང་ཡོད།
    “མི་དམངས་ཀྱི་དགོས་མཁོ”ནི་ཀྲུང་གོ་གུང་ཁྲན་ཏང་མིས་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་ལ་ཚད་འཇལ་བའི་ཚད་ཤིང་དང་དུས་རབས་འཕེལ་རྒྱས་ལ་གདེང་འཇོག་བྱེད་པའི་མཚོན་རྟགས་ཤིག་ཏུ་གྱུར་ཡོད།
    “མི་དམངས་མང་ཚོགས་ཀྱི་དགའ་བསུ་ཐོབ་པ་དང་དགའ་ཚོར་སྐྱེ་ཐུབ་པའི་བྱ་བ་ཞིག་ཡིན་ཕྱིན། དཀའ་ངལ་ག་ཚོད་འཕྲད་ཀྱང་མཐར་ཕྱིན་པ་སྒྲུབ་དགོས། མི་དམངས་མང་ཚོགས་ཀྱིས་དགའ་པོ་མི་བྱེད་པ་དང་སུན་སྣང་སྐྱེ་བའི་བྱ་བ་ཞིག་ཡིན་ཕྱིན། མཐའ་གཅིག་ཏུ་སྒྲུབ་མི་རུང”
    ཁུལ་ཆུང་རྙིང་པ་སྒྱུར་བཀོད་གང་མགྱོགས་བྱེད་པ་དང་། སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་དང་གཤམ་སྤྲོད་བྱེད་པ། རྒན་གསོ་དང་བུ་བཅོལ་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། ས་ཆ་མང་པོར་སྐར་མ་15ཡི་དམངས་ཕན་འཚོ་བའི་འཁོར་རྒྱ་གང་མགྱོགས་སྐྲུན་པ། གཞི་རིམ་དུ་འཁྲབ་སྟོན་བྱེད་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔེ་ཁང་སྐྲུན་པ་སོགས་དམངས་ལ་ཕན་པའི་བྱ་བ་རེ་རེ་ནི་མི་སེམས་ལ་གཏིང་ཟབ་ཟུག་པ་དང་དམངས་སེམས་ཐོབ་ཡོད།
     ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་འཛུགས་སྐྲུན་གྱི་གྲུབ་འབྲས་ནི་མི་དམངས་ཡོངས་ལ་ཕན་པ་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་ཐོབ་ཆེད་རེད།
    “གནད་སྨིན་དབུལ་སྐྱོར‘དངོས་གནས་ཡག་པོ་འདུག’”ཅེས་སི་ཁྲོན་ལེང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་ཀྲའོ་ཇོ་རྫོང་སན་ཧོ་གྲོང་ཚོའི་གྲོང་མི་ཅི་ཧའོ་ཡེ་ཆིའུ་ཡིས་བརྗོད། ད་ཆ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་སུ་བཅངས་པའི་ལེང་ཧྲན་གྱི་མང་ཚོགས་དབུལ་པོ་རྣམས་སྔ་ས་ནས་དབུལ་པོའི་རྩ་བ་དྲུངས་ནས་འབྱིན་ཡོད།