འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨུ་རུ་སུར་མུ་མཐུད་དུ་བཀག་སྡོམ་བྱ་རྒྱུ་རེད།  

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་30ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་29ཉིན། ཡོ་རོབ་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་ནས། ཨུ་རུ་སུའི་དཔལ་འབྱོར་བཀག་སྡོམ་བྱ་རྒྱུ་དེ་སླར་ཡང་ཟླ་6ལ་དུས་འགྱངས་བྱ་རྒྱུ་སྟེ། 2024ལོའི་ཟླ་7ཚེས་31ཉིན་བར་བྱ་རྒྱུ་ཡིན་ཞེས་འཁོད་ཡོད། 
     ཡོ་རོབ་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་བཀག་སྡོམ་དེ་དག་ནང་ཉོ་ཚོང་དང་། དངུལ་རྩ། སྐྱེལ་འདྲེན། རྒྱས་སྤྲོས་དངོས་རྫས། མཚོ་ཐོག་སྐྱེལ་འདྲེན་གྱི་མ་བཅོས་རྡོ་སྣུམ། དངུལ་ཁང་དང་སྨྱན་སྦྱོར་ཁག་ཅིག་སོགས་ཐད་ཀྱི་ཚོད་འཛིན་ཚུད་ཡོད་ཅེས་བཤད། གཞན་ཡང་། ཡོ་རོབ་མནའ་འབྲེལ་གྱིས་ད་དུང་ཨུ་རུ་སུའི་བཀག་སྡོམ་ལས་གཡོལ་བའི་བྱ་སྤྱོད་ལ་ཚོད་འཛིན་བྱེད་པའི་བྱེད་ཐབས་ཁ་ཤས་བཏོན་པ་རེད། 
     ཡོ་རོབ་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས། མུ་མཐུད་གདོང་གཏུག་བྱས་ཚེ་ཡོ་རོབ་མནའ་འབྲེལ་གྱིས་ལག་བསྟར་བྱས་པའི་བཀག་སྡོམ་བྱེད་ཐབས་ཚང་མ་རྒྱུན་འཁྱོངས་བྱ་རྒྱུ་མ་ཟད། དགོས་ངེས་སྐབས་བྱེད་ཐབས་དེ་བས་མང་བ་སྤྱོད་སྲིད་ཅེས་ནན་བཤད་བྱས་ཡོད།