འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མོའི་གསེར་གྱི་རྟཊ་མ་ཕྱིར་ལེན་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་30ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     རྒྱལ་སྤྱིའི་ལུས་རྩལ་འདུམ་གཅོད་ཁྲིམས་རས་ཚེས་29ཉིན་གསལ་བསྒྲགས་སྤེལ་ནང་། ཨུ་རུ་སུའི་སྣ་མང་འཁྱགས་ཤུད་ལུས་རྩལ་པ་ཁ་སྨི་ལ· ཝ་ལི་ཡེ་ཝ་ཡིས“ངར་སྐྱེད་སྨན་རྫས་ལ་ངོ་རྒོལ་བྱེད་པའི་སྒྲིག་སྲོལ་ལས་འགལ་བར་གཏན་འཁེལ་བྱས་པ་མ་ཟད། དེ་མཚུངས་ཀྱི་ཆད་པ་གཅོད་རྒྱུ་སྟེ། 2021ལོའི་ཟླ་12ཚེས་25ཉིན་ནས་བཟུང་དུས་ཡུན་ལོ་བཞི་ལ་འགྲན་བསྡུར་བྱས་མི་ཆོག”ཅེས་འཁོད་ཡོད་པ་རེད། 
     གསལ་བསྒྲགས་ནང་། དེའི་རྐྱེན་གྱིས་2021ལོའི་ཟླ་12ཚེས་25ཉིན་ནས་བཟུང་། ཝ་ལི་ཡེ་ཝར་ཐོབ་པའི“འགྲན་བསྡུར་གྱི་གྲུབ་འབྲས་ཚང་མ་ནུས་མེད་ཡིན་པ་དང་། དེའི་ནང་ཁོང་མོས་པེ་ཅིན་གྱི་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་ཨུ་རུ་སུའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་འཐུས་མི་ཚོགས་པའི་ཚབ་བྱས་ནས་བླངས་པའི་གསེར་གྱི་རྟགས་མ་ཚུད་ཡོད”ཅེས་འཁོད་ཡོད། དེས་ཚོགས་པ་འདིའི་གསེར་གྱི་རྟགས་མ་དེ་དུས་དངུལ་གྱི་རྟགས་མ་ཐོབ་པའི་ཨ་རིའི་རུ་ཁག་ལ་ཐོབ་རྒྱུ་མཚོན་ཡོད།  
    ཁྲིམས་གཅོད་ཀྱི་མཇུག་འབྲས་འདིར་ཉེ་ལམ་ཨུ་རུ་སུའི་ཨོ་ལིན་ཕིག་ཨུ་ལྷན་ཕྱོགས་ཀྱིས་གནས་སྐབས་ལན་སློག་མེད།