འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་ཁབ་འདི་གསུམ་གྱིས་དོན་འདི་ཁྱབ་བསྒྲཊ་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་30ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་དང་པོའི་ཚེས་28ཉིན། ནི་ཀྲེར་དམག་དཔུང་སྲིད་གཞུང་གི་མགྲིན་ཚབ་པ་ཨམ་ཏུའུ་·ཨ་པུའུ་ཏུའུ་ལམ་ནེ་ཡིས་གསལ་བསྒྲགས་སྤེལ་ནས། མ་ལི་དང་པུའུ་ཅི་ན་ཧྥ་སོ། ནི་ཀྲེར་བཅས་ཀྱིས་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་སྒྲིག་གཞི་(ནུབ་ཀྱི་ཐུན་མོང་སྒྲིག་གཞི་)ནས་འཕྲལ་མར་ཕྱིར་འཐེན་བྱ་རྒྱུའི་ཁྱབ་བསྒྲགས་བྱས། དེ་ནི་ནུབ་ཀྱི་ཐུན་མོང་སྒྲིག་གཞི་དམག་དོན་སྲིད་གཞུང་གིས་སྲིད་དབང་རྩིས་ལེན་བྱས་རྗེས། རྒྱལ་ཁབ་གསུམ་ལ་བཀག་སྡོམ་བྱས་པ་དེ་དྲང་གཞག་མིན་པ་མ་ཟད། རྒྱལ་ཁབ་གསུམ་གྱིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་དང་བདེ་འཇགས་མེད་པའི་གནས་བབ་ལེགས་སུ་གཏོང་བར་ནུབ་ཀྱི་ཐུན་མོང་སྒྲིག་གཞིས་གཞོགས་འདེགས་བྱས་མེད་པའི་རྐྱེན་གྱིས་རེད་ཅེས་བཤད།