འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཧུའུ་སའེ་དྲག་དཔུང་གིས་ཨ་རིའི་གྲུ་གཟིངས་ལ་འཕུར་མདེལ་འཕངས་ནས་འཇབ་རྒོལ་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་30ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ས་གནས་དེ་གའི་དུས་ཚོད་ཟླ་དང་པོའི་ཚེས་29ཉིན། ཡེ་མེན་ཧུའུ་སའེ་དྲག་དཔུང་དམག་དོན་མགྲིན་ཚབ་པ་ཡེ་ཧའེ་ཡ་·ས་ལེ་ཡ་ཡིས་གསལ་བསྒྲགས་སྤེལ་ནས། ཚེས་28ཉིན་གྱི་དགོང་མོ་ཧུའུ་སའེ་དྲག་དཔུང་གིས་ཡ་ཏིང་མཚོ་ཁུག་ཏུ་སྐྱོད་པའི་ཨ་རིའི་མཚོ་དམག་གི་དམག་གྲུ་“ལིའུ་དབྱི་སི་·B·ཕུའུ་ལེ་”རྟགས་ཅན་ལ་འཕུར་མདའ་ཞིག་འཕངས་ཡོད་པ་བཤད། 
   ཡེ་ཧའེ་ཡ་ཡིས་དམག་གྲུ་དེའི་ལས་འགན་ཞིག་ནི་ཡེ་མེན་ལ་འཇབ་རྒོལ་བྱེད་མཁན་ཨ་དམག་ལ་རྒྱབ་ཕྱོགས་མཁོ་སྒྲུབ་རོགས་སྐྱོར་བྱ་རྒྱུ་དེ་རེད། ད་རེས་ཀྱི་རྡུང་རྡེག་ནི་ཡེ་མེན་སྲུང་སྐྱོབ་དང་ཕ་ལེ་སི་ཐན་མི་དམངས་ལ་རྒྱབ་སྐྱོར་བྱེད་ཆེད་སྤྱད་པའི་དམག་དོན་བྱ་ཐབས་ཤིག་རེད།
   ཡེ་ཧའེ་ཡ་ཡིས། དྲག་དཔུང་གིས་དབྱི་སི་རལ་དང་འབྲེལ་བ་ཡོད་པའི་གྲུ་གཟིངས་མུ་མཐུད་བཀག་འགོག་བྱས་ནས་ཡེ་མེན་ལ་བཙན་འཛུལ་བྱེད་མཚམས་འཇོག་རྒྱུ་དང་འབྲེལ་ཅ་ཧྲ་ས་ཁུལ་གྱི་ཕ་ལེ་སི་ཐན་མི་དམངས་ཀྱི་བཀག་རྒྱ་སེལ་རྒྱུ་ཡིན་པའང་ནན་བཤད་བྱས་པ་རེད།