འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཐབས་བརྒྱ་ཇུས་སྟོང་དཀའ་གནད་བསལ། ཁེ་དབང་འགན་སྲུང་ལས་ལ་འབད།

——བོད་ལྗོངས་ལྷོ་རོང་གིས་ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོང་བྱས་པའི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་30ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་གྱི་གསར་འགོད་པ། ཞུས་ཡུས་ཡའོ།
     བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ངལ་རྩོལ་བརྟག་དཔྱད་རུ་ཆེན་གྱི་གཞུང་ལས་ཁང་དུ་སྐྱོད་སྐབས། ཕྱོགས་བཞིའི་གྱང་ལྡེབས་སུ་གོས་དར་སྣ་ཚོགས་བཀལ་ཡོད་པ་དེ་དག་གི་ནང་དོན་ནི“གླ་ཆ་ལེན་རོགས་བྱས་པར་ཐུགས་རྗེ་ཆེ་ཞུ”དང“ངལ་རྩོལ་པའི་ཁེ་དབང་བསྲུངས་པར་ཐུགས་རྗེ་ཆེ་ཞུ”ལ་སོགས་པའི་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་ཡིན་པ་རེད། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། ལྷོ་རོང་རྫོང་གིས་འགོ་ཁྲིད་ལས་བྱེད་པ་གཞི་རིམ་དུ་སྐྱོད་པ་བཞིར་རྒྱུན་མཐུད་སྐུལ་འདེད་གཏོང་རིང་ས་གནས་དེ་གའི་ཞིང་པ་ལས་མིར་གླ་ཆ་ལེན་པ་དང་ངལ་རྩོལ་འགན་སྲུང་སོགས་ཐད་དཀའ་གནད་འཕྲད་པ་ཤེས་ཏེ་བྱ་ཐབས་རབ་དང་རིམ་པ་སྤྱད་ནས་མང་ཚོགས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱས་པ་རེད།
     རྩོད་གཞི་གང་མགྱོགས་ཐག་གཅོད་ཐུབ་པའི་འགན་ལེན་བྱེད་པ།
     ལྷོ་རོང་རྫོང་མི་སྤྱི་ཅུས་ངལ་རྩོལ་ལྟ་ཞིབ་གཞུང་ལས་ཁང་དུ་སྐྱོད་སྐབས། འགན་འཁུར་བ་བློ་བཟང་ཚེ་དབང་གི་མདུན་དུ་མི་མང་པོ་འཛོམས་ཡོད་ཅིང་། ལྷོ་རོང་རྫོང་མི་སྤྱི་ཅུས་ཀྱི་ལས་དོན་པ་ཞིག་ཡིན་པའི་ཁོང་གིས་དབུགས་རིང་ཞིག་བཏང་ནས་ཡ་མཚན་བྱེད་དགོས་དོན་མེད་པའི་རྣམ་འགྱུར་བསྟན།
     འགན་འཁུར་བ་བཙལ་ནས་ཁོང་དང་མཉམ་དུ་གཞུང་ལས་ཁང་དུ་འཛུལ་བ་ན། ལས་དཔོན་དེས་ཁུག་མ་ནས་ཤོག་བུ་སྦབ་ཆ་གཅིག་བཏོན། བློ་བཟང་ཚེ་དབང་གིས་ཚུར་བླངས་ནས་བལྟས་རྗེས་དེ་རྣམས་ལས་མི་ཚོའི་ངལ་རྩོལ་གན་རྒྱ་དང་དེ་བཞིན་ངོ་སྤྲོད་ཡི་གེ་སྣ་ཚོགས་ཡིན་པ་ཤེས། “ཁྱེད་རང་གིས་ཡག་པོ་གཟིགས་རོགས། ལས་ཡུལ་ནས་དངུལ་མི་ཉུང་བ་ཞིག་ཆད་འདུག”ཅེས་ལས་དཔོན་གྱིས་བློ་བཟང་ཚེ་དབང་ལ་སྡུག་བསྔལ་བགྲང་། ད་བྱེད་དུས། ཁོང་དང་ཕ་ཡུལ་གཅིག་པ་བ་ཁག་གཅིག་ལྷོ་རོང་དུ་གླ་པ་རྒྱུག་པར་ཡོང་ནས་རྫོང་གི་ལས་གྲྭའི་རྣམ་གྲངས་ཁ་ཤས་ཀྱི་འཛུགས་སྐྲུན་ནང་ཞུགས་པ་དང་། ལོ་མཇུག་ལ་སླེབས་སྐབས་ལས་ཡུལ་གྱི་འགན་འཁུར་བ་དང་ཁོང་གི་དབར་ལས་མིའི་གླ་ཆའི་ཐད་ལ་བསམ་ཚུལ་མ་མཐུན་པར་གླ་ཆ་ཆ་ཤས་ཙམ་ལས་སྤྲོད་འདོད་མ་བྱས་སྟབས། ལས་དཔོན་གྱིས་ལས་མི་རྣམས་ལ་གསལ་བཤད་བྱེད་ཐབས་བྲལ་བར་གྱུར་པ་རེད།
     གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱས་རྗེས། བློ་བཟང་ཚེ་དབང་གིས་ཁ་པར་བཏོན་ནས་སྐད་འཕྲིན་ཚོགས་པའི་ནང་འབྲེལ་ཡོད་གནས་ཚུལ་སྐད་ཆ་དྲིས། “ང་ཚོའི་འདི་གར་འགྲིམ་འགྲུལ་རྣམ་གྲངས་དང་འབྲེལ་བའི་རྩོད་གཞི་ཞིག་འདུག་པས་འབྲེལ་ཡོད་གནས་ཚུལ་ཞིབ་ཕྲ་བརྟག་དཔྱད་བྱེད་རོགས”ཞེས་ཁོང་གིས་ཚོགས་པའི་ནང་དྲིས་པ་མ་ཟད་གནས་ཚུལ་རགས་ཙམ་ངོ་སྤྲོད་བྱས། དེ་རྗེས་རྫོང་འགྲིམ་འགྲུལ་སྡེ་ཚན་གྱི་འགན་འཁུར་བས་འཕྲལ་དུ་འབྲེལ་མཐུད་བྱས་ཏེ་རྩོད་གཞི་དང་འབྲེལ་བ་ཡོད་པའི་ཁེ་ལས་ཀྱི་འགན་འཁུར་བ་ཉིན་དེའི་ཕྱི་དྲོ་རྫོང་མི་སྤྱི་ཅུས་སུ་གྲོས་བསྡུར་བྱེད་པར་སྐད་བཏང་།
     ཕྱི་དྲོ། ཁེ་ལས་ཀྱི་འགན་འཁུར་བ་དང་། ལས་མིའི་འཐུས་མི། མི་སྤྱི་ཅུས་ངལ་རྩོལ་ལྟ་ཞིབ་རུ་ཆེན་གྱི་ལས་དོན་པ་བཅས་མཉམ་དུ་ཚོགས་ཁང་དུ་བསྡད་དེ་གྲོས་བསྡུར་བྱེད་འགོ་ཚུགས།
     གྲོས་བསྡུར་མང་པོ་བྱས་པ་བརྒྱུད། མཐར་ཕྱོགས་གཉིས་པོའི་དབར་གླ་ཆའི་དངུལ་གྲངས་དང་སྤྲོད་ཐབས་ལ་བསམ་ཚུལ་གཅིག་མཐུན་བྱུང་བ་རེད། རྩོད་གཞི་གཅིག་ཐག་གཅོད་ཐུབ་པས་བློ་བཟང་ཚེ་དབང་གི་སེམས་པ་ལྷོད་ལ་བབས་ཏེ“གླ་པ་རྒྱུག་མཁན་རྣམས་ད་ལོ་ཕ་ཡུལ་དུ་ལོག་ནས་ལོ་གསར་སྐྱིད་པོ་ཞིག་གཏོང་རྒྱུ་ཡོད”ཅེས་བཤད།
     ངོ་སྤྲོད་བྱས་པར་གཞིགས་ན། ལྷོ་རོང་དུ་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། རིམ་རྩིས་བྱས་ན་ཁྲིམས་སྒྱུར་པ་མི་ཐེངས་119བཏང་ནས་མི་སྤྱོད་ཚན་པ་102ལ་ཞིབ་བཤེར་བྱས་པ་དང་། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱིས་གླ་ཆ་འགྱངས་ཆད་གྱོད་གཞི་ཁག་52ཐག་གཅོད་བྱས་པ། མི་110ལ་ལས་མིའི་གླ་ཆ་སྒོར་ཁྲི་237.85སྤྲོད་རྒྱུའི་མཐུན་སྦྱོར་བྱས་པ། ངལ་རྩོལ་འགན་སྲུང་གི་ཁྲིམས་འགལ་བྱེད་སྤྱོད་ཚབས་ཆེན་1ཡོངས་བསྒྲགས་བྱས་པ་བཅས་ལས་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།
     མ་དངུལ་དུས་ཐོག་ཏུ་སྤྲོད་ཐུབ་པའི་འགན་ལེན་བྱེད་པ།
     ད་ཆ། ལྷོ་རོང་རྫོང་གི་ལས་གྲྭའི་རྣམ་གྲངས་ཀྱི་ལས་ཀར་ཞུགས་པའི་ཞིང་པ་ལས་མི་ཚང་མར་བོད་ལྗོངས་དངུལ་ཁང་གི“ཞིང་པ་ལས་མིའི་གླ་ཆའི་གཱ”བཟོས་ཡོད། གླ་ཆ་ཚད་ལྡན་ངང་སྤྲོད་ཆེད། བོད་ཀྱིས་ཞིང་པ་ལས་མིར་བོད་ལྗོངས་དངུལ་ཁང་ནས་གླ་ཆའི་ཆེད་སྤྱོད་གཱ་བཟོས་ཏེ་ཞིང་པ་ལས་མིའི་གླ་ཆ་ཚབ་སྤྲོད་ལ་འགན་སྲུང་བྱེད་པར་སྤྱོད་ཀྱི་ཡོད།
     སྐར་མ་རྡོ་རྗེའི་གློག་ཀླད་ཁ་ཕྱེ་ན། རྣམ་གྲངས་ཀྱི་ལས་མིའི་གླ་ཆ་དང་ཁ་གསབ་དངུལ་ཁག་སྤྲད་པའི་ཆ་འཕྲིན་གསལ་ལེར་མཐོང་གི་ཡོད། སྐར་མ་རྡོ་རྗེ་ནི་ལྷོ་རོང་རྫོང་གྲོང་གི་གྲོང་ཁྱེར་ཨར་སྐྲུན་རྣམ་གྲངས་ཞིག་གི་ངལ་རྩོལ་གླ་ཆའི་ཆེད་དོན་དོ་དམ་པ་ཡིན་ཞིང་། ལས་མིའི་གྲས་ཤིག་ཡིན་པའི་ཁོང་གི་ལས་ཀ་ནི་ལས་མིར་སྤྲོད་པའི་དངུལ་ཚང་མར་ལྟ་འདོམས་བྱེད་རོགས་བྱ་རྒྱུ་དེ་རེད།
     “ཟླ་རེར་ང་ཚོས་ལས་ཀར་ཡོང་བའི་ཉིན་གྲངས་གཞིར་བཟུང་གླ་ཆ་ཞིབ་རྩིས་བརྒྱབ་སྟེ་དུས་ཐོག་དང་འཁྲུལ་བ་མེད་པར་ཞིང་པ་ལས་མིའི་ཆེད་སྤྱོད་གཱ་ནང་བླུགས་ཀྱི་ཡོད། ང་ཚོའི་ལས་ཡུལ་དུ་གཏན་འཇགས་ལས་མི་30ལྷག་ཙམ་ཡོད་པ་དེ་དག་གི་གླ་ཆ་ཚང་མ་ཆེད་སྤྱོད་གཱ་ནང་བླུགས་ཀྱི་ཡོད”ཅེས་སྐར་མ་རྡོ་རྗེས་བཤད།
     གླ་ཆ་འགན་སྲུང་བྱེད་པ་ཕུད། ངལ་རྩོལ་པ་དང་འབྲེལ་བའི་ངལ་རྩོལ་གྱི་རྩོད་གཞི་ནི་མི་སྤྱི་སྡེ་ཚན་གྱིས་མཐུན་སྦྱོར་ལྟ་སྐུལ་བྱེད་དགོས་པའི་ལས་དོན་ཞིག་རེད།
     མཉམ་ལས་ཁང་ལ་ལས་གྲྭའི་དངུལ་སྤྲོད་པ་ནི་དེའི་གྲས་ཤིག་རེད། ལྷོ་རོང་རྫོང་དམར་རི་གྲོང་རྡལ་གྱི་ཨར་སྐྲུན་ལས་ཡུལ་ཞིག་ཏུ་བློ་བཟང་ཚེ་དབང་གིས་ས་གནས་དེ་གའི་ཨར་སྐྲུན་ཁེ་ལས་ཞིག་དང་རྩོད་པ་ཆེན་པོ་རྒྱག་བཞིན་ཡོད་དེ། ཁེ་ལས་དེས་ས་གནས་དེ་གའི་ཞབས་གཡས་གྲོང་ཚོའི་རྐོ་འདྲུ་འཕྲུལ་འཁོར་ཞིག་གླས་ཀྱང་ལས་མཇུག་འགྲིལ་སྐབས་གླ་ཆ་དུས་ཐོག་ཏུ་མ་སྤྲད་པར་བརྟེན་ཕྱོགས་གཉིས་དབར་རྩོད་པ་ཤོར་བ་དང་། མཐར་མི་སྤྱི་སྡེ་ཚན་ལ་ཐག་གཅོད་བྱེད་རོགས་ཞུས་པ་རེད། ཕྱོགས་གཉིས་ཀར་དཀའ་ངལ་ཡོད་པས། བློ་བཟང་ཚེ་དབང་གིས་མཐུན་སྦྱོར་བར་འདུམ་བྱས་ཏེ་མཐར་ཕྱོགས་གཉིས་པོས་དངུལ་གྲངས་དང་སྤྲོད་ཐབས་ལ་བསམ་ཚུལ་གཅིག་མཐུན་བྱུང་ནས་དངུལ་ཆ་ཤས་ཤིག་ཉིན་དེ་རང་ལ་སྤྲད་པ་རེད།
      རྩོད་གཞི་སྔ་སྣུར་དུ་སེལ་ཐུབ་པའི་བརྩོན་ལེན་བྱེད་པ།
     བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། ལྷོ་རོང་རྫོང་མི་སྤྱི་སྡེ་ཚན་གྱིས“གཞི་རིམ་དུ་སྐྱོད་པ་བཞིའི”ལས་དོན་ཧུར་ཐག་སྤེལ་ནས་ངལ་རྩོལ་གྱི་འགན་སྲུང་ཐད་ལྷག་པའི་ཞན་ཆ་དང་གནད་དོན་ལ་བརྟག་ཞིབ་གཏིང་ཟབ་བྱས་པ་རེད།“མངོན་མེད་རྐྱེན་ངན་སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་ནས་ཐག་གཅོད་བྱས་ཏེ། གནད་དོན་ཆུང་ས་ནས་ཐག་གཅོད་བྱེད་པའི་བརྩོན་ལེན་གྱིས་འགལ་ཟླ་དང་རྩོད་གཞིའི་མངོན་མེད་རྐྱེན་ངན་མ་ཐོན་སྔོན་འགོག་བྱེད་ཀྱི་ཡོད”ཅེས་ལྷོ་རོང་རྫོང་མི་སྤྱི་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་རུའེ་ཡིས་བཤད།
     བརྟག་ཞིབ་བྱེད་རིང་མི་སྤྱི་སྡེ་ཚན་གྱིས་གན་རྒྱ་འཇོག་པ་ནི་ཐོག་མཐའ་བར་གསུམ་དུ་ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི“རྙིང་ཆེ་དཀའ་གསུམ”གྱི་གནད་དོན་ཞིག་ཡིན་པ་ཤེས་རྟོགས་བྱུང་བ་རེད། གནས་ཚུལ་འདིར་དམིགས་ནས་མི་སྤྱི་ཚན་པས་ཐབས་བརྒྱ་ཇུས་སྟོང་གིས་ལས་མིར་ངལ་རྩོལ་སྐོར་གྱི་གན་རྒྱ་གལ་ཆེན་པོ་ཡིན་ལུགས་ཤེས་དགོས་པའི་ཁ་ཏ་བྱས་པ་རེད།
     “བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། ང་ཚོས་བརྟག་དཔྱད་ཞིབ་འཇུག་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ནས་ངལ་རྩོལ་གན་རྒྱ་འབྲི་སྟངས་དང་ནང་དོན་རྒྱུན་མཐུད་ཚད་ལྡན་དུ་བཏང་བ་དང་། ཁེ་ལས་ཀྱིས་མཉམ་སྡེབ་གྲོས་མོལ་དང་མཉམ་སྡེབ་གན་རྒྱ་འཇོག་རྒྱུར་མཛུབ་ཁྲིད་བྱས་པ། འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱ་དྲིལ་བསྒྲགས་དང་འགྲེལ་བཤད་ཡག་པོ་བརྒྱབ་པ། རྒྱ་ཆེའི་ལས་བཟོ་དང་ལས་བཟོ་བཀོལ་སྤྱོད་ཚན་པའི་དོགས་གནད་བསལ་བ་བཅས་བྱས་ཏེ་གན་རྒྱ་གཅིག་བཞག་ཕྱིན་ཁེ་ལས་དང་ལས་བཟོ་གཉིས་ཀ་བློ་བདེ་པོ་ཡོང་བར་བྱས་ཡོད། ལྷོ་རོང་མི་སྤྱི་སྡེ་ཚན་གྱིས་ཁྱོན་ཁེ་ལས་104ཡིས་ངལ་རྩོལ་པ་3977དང་ངལ་རྩོལ་གན་རྒྱ་འཇོག་རྒྱུར་མཛུབ་ཁྲིད་དང་ལྟ་སྐུལ་བྱས་ཡོད” ཅེས་ཝང་རུའེ་ཡིས་བཤད།
     (ཚེ་བརྟན་སྒྲོལ་དཀར་དང་བསོད་ནམས་དཔའ་མོས་སྒྱུར་ཞུས་བྱས)