འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གཞོན་ནུ་དང་བླངས་པ་ཁྲི་10ལྷག་ཙམ་གྱིས་ལས་གནས་ཐོག་བསྐྱོད་ནས་2024ལོའི་དཔྱིད་གསར་
སྐྱེལ་འདྲེན་ལ་ཞབས་འདེགས་ཞུས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་30ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ནས་ཤེས་རྟོགས་བྱས་པར། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོར་རིམ་ཁག་སྡེ་ཚོགས་རྩ་འཛུགས་ཀྱིས་གཞོན་ནུ་དང་བླངས་པ་ཁྲི་10.3ལྷག་ཙམ་བསྡུས་ནས་ལས་གནས་སུ་མངགས་གཏོང་བྱས་པ་དང“གཞོན་ནུ་དང་བླངས་པའི་བྱ་སྤྱོད་ལས་ཁྱིམ་དུ་ལོག་པའི་ལམ་བར་ལ་དྲོ་སྐྱིད་སྦྱིན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། བབས་ཚུགས་སུ་ཤེས་དཔལ་དྲིལ་བསྒྲགས་དང་། ཁྲིད་སྟོན་བློ་འདྲི། གཙོ་གནད་ཚོགས་སྤྱིར་ཞབས་ཞུ་སོགས་ལ་དམིགས་ནས་གནད་སྨིན་ཅན་དང་ཆེད་ལས་ཅན་གྱི་ཞབས་འདེགས་ཞུས་ཡོད།
    སྡེ་ཚོགས་ཀྲུང་དབྱང་གཞོན་ནུ་དང་བླངས་པའི་བྱ་སྤྱོད་མཛུབ་ཁྲིད་ལྟེ་གནས་ཀྱི་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཁྲའོ་ཧུའེ་ཡིས། 2024ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་གུང་གསེང་དུས་ཚོད་ལོ་གོང་མ་ལས་ཅུང་རིང་བ་ཡོད་པས་མང་ཚོགས་ཕྱིར་སྐྱོད་ཀྱི་འདོད་བློ་ཆེན་པོ་ཡོད། རིམ་ཁག་སྡེ་ཚོགས་རྩ་འཛུགས་ཀྱིས“ཕྱོགས་ཡོངས་ནས་སྐུལ་སློང་དང་བབས་ཚུགས་ཆེན་པོ་གཙོ་བོར་བྱེད་པ་དང་། གཙོ་གནད་ཆ་སྒྲིག་དང་ལས་གནས་ཚད་ལྡན་དུ་གཏོང་བ། སྔོན་བསྡུ་གྲབས་གསོག་དང་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ”བཅས་ཀྱི་རྩ་དོན་ལྟར་དཔྱིད་གསར་སྐྱེལ་འདྲེན་གྱི་དང་བླངས་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།