འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།དམག་འཁྲུག་གི་ཡུལ་དངོས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་29ཉིན། 15:12】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།དམག་འཁྲུག་གི་ཡུལ་དངོས།
     ཕ་ལེ་སི་ཐན་གྱི་ཀཱ་ཟ་ས་ཁུལ་འཕྲོད་བསྟེན་སྡེ་ཁག་གིས་ཚེས་25ཉིན་ཡོངས་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པར་གཞིགས་ན། དབྱི་སི་རལ་དམག་དཔུང་གིས་འདས་ཟིན་པའི་ཆུ་ཚོད་24ཡི་ནང་ཀཱ་ཟ་ས་ཁུལ་ལ་འཇབ་རྒོལ་བྱས་པའི་ཁྲོད་མི་200རྐྱེན་ལམ་དུ་ཤོར་བ་དང་མི་370རྨས་པ་རེད། ན་ནིང་ཟླ་10ཚེས་7ཉིན་རེས་སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་གཏུག་བྱུང་བ་ནས་བཟུང་། དབྱི་སི་རལ་གྱིས་ཀཱ་ཟ་ས་ཁུལ་དུ་སྤེལ་བའི་དམག་དོན་བྱ་སྤྱོད་ཁྲོད་མི་ཁྲི་2.59ལས་བརྒལ་བ་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་6.4ལྷག་ཙམ་རྨས་ཡོད་པ་རེད།  
༄༅།།དམག་འཁྲུག་གི་ཡུལ་དངོས།