འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོ་དང་ཐེ་ལན་བར་ཐོངས་མཆན་འགོད་མི་དགོས་པའི་གྲོས་ཆོད།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་29ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   2024ལོའི་ཟླ་1ཚེས་28ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཐེ་ལན་རྒྱལ་པོའི་རྒྱལ་ཁབ་ཀྱི་སྲིད་གཞུང་གི་འཐུས་མི་ཡིས་ཐེ་ལན་གྱི་པང་ཁོག་ཏུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཐེ་ལན་རྒྱལ་པོའི་རྒྱལ་ཁབ་ཀྱི་སྤྱིར་བཏང་ལམ་ཡིག་འཁྱེར་མཁན་གྱིས་ཐོངས་མཆན་འགོད་མི་དགོས་སྐོར་གྱི་གྲོས་ཆོད་》ལ་མིང་རྟགས་བཀོད་པ་རེད། གྲོས་ཆོད་དེ་2024ལོའི་ཟླ་3ཚེས་1ཉིན་དངོས་སུ་གོ་ཆོད་རྒྱུ་རེད། སྐབས་དེ་དུས་ཀྲུང་གོ་ཕྱོགས་ཀྱིས་སྤྱིར་བཏང་གི་གཞུང་དོན་ལམ་ཡིག་འཁྱེར་མཁན་དང་། སྤྱིར་བཏང་གི་ལམ་ཡིག་འཁྱེར་མཁན། ཐེ་ལན་ཕྱོགས་ཀྱི་སྤྱིར་བཏང་གི་ལམ་ཡིག་འཁྱེར་མཁན་གྱིས་ཕར་ཕྱོགས་ཀྱི་རྒྱལ་ཁོངས་སུ་ཐེངས་གཅིག་ལ་ཉིན་30ལས་མི་བརྒལ་བ་སྡོད་ཆོག་ཅིང་།(ཉིན་180རེར་རིམ་རྩིས་བྱས་ན་སྡོད་ཆོག་པའིཉིན་90ལས་བརྒལ་མི་ཆོག) རྒྱལ་ཁོངས་སུ་འཛུལ་ནས་ཕར་ཕྱོགས་རྒྱལ་ཁབ་ཀྱིས་ལས་ཀ་སྒྲུབ་པ་དང་། སློབ་སྦྱོང་། གསར་འགྱུར་འཕྲིན་སྤེལ། གཞིས་ཆགས་པ་སོགས་ངེས་པར་དུ་སྔོན་ལ་ཆོག་མཆན་སྤྲོད་དགོས་པའི་བྱེད་སྒོ་དང་། དེ་བཞིན་ཕར་ཕྱོགས་རྒྱལ་ཁབ་ཏུ་ཉིན་30ཡན་སྡོད་རྩིས་ཡོད་ན། ངེས་པར་དུ་ཕར་ཕྱོགས་རྒྱལ་ཁབ་ཀྱི་རྒྱལ་ཁོངས་སུ་མ་འཛུལ་གོང་དེ་མཚུངས་ཀྱི་ཐོངས་མཆན་འགྲོ་ལུགས་གཉེར་དགོས།