འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ལྗོངས་ཀྱི་རྒྱུད་བཤུས་བ་ཕྱུགས་ཐོག་མ་དེ་སྐྱེས་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་29ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཉེ་ཆར། གཟུགས་པོའི་ཕྲ་ཕུང་གི་རྒྱུད་བཤུས་ལག་རྩལ་བརྒྱུད། མཚོ་བོད་ས་མཐོར་ཡོད་པའི་སྟོངས་ལ་ཉེ་བའི་འགྲམ་གྱི་བ་ཕྱུགས་དང་ང་ཕོད་རྒྱ་ཙ་བ་ཕྱུགས་མི་ཐབས་ལ་བརྟེན་ནས་རྒྱུད་སྤེལ་ཐུབ་བྱུང་བ་རེད། 
ཁྲུང་ཆིང་གྲོང་ཁྱེར་ཡུན་དབྱང་བཤས་གླང་གསོ་སྤེལ་བྱ་ཡུལ་དུ་ལས་དོན་མི་སྣས་བེའུ་ཁ་ཤས་ལ་ལྟོ་སྟེར་བ་དང་སྤུ་ཤད་རྒྱག་བཞིན་ཡོད། བ་ཕྱུགས་དེ་དག་ནི་གཟུགས་པོའི་ཕྲ་ཕུང་གི་རྒྱུད་བཤུས་ལག་རྩལ་བརྒྱུད་ནས་བྱུང་བའི་བོད་ལྗོངས་འགྲམ་གྱི་བ་ཕྱུགས་དང་ང་ཕོད་རྒྱ་ཙ་བ་ཕྱུགས་སོགས་ཡིན་པ་མ་ཟད། འཛམ་གླིང་ཐོག་བོད་ལྗོངས་ཀྱི་རྒྱུད་བཤུས་བ་ཕྱུགས་ཐོག་མ་དེའང་ཡིན་པ་རེད། 
   འགྲམ་གྱི་བ་ཕྱུགས་དང་ང་ཕོད་རྒྱ་ཙ་བ་ཕྱུགས་མཚོ་བོད་ས་མཐོ་ནས་ཐོག་མར་བྱུང་བ་དང་རྒྱུན་ཆད་ལ་ཉེ་བའི་གནས་སུ་གྱར་ཡོད། 2022ལོར། ཞིང་ལས་དང་གྲོང་གསེབ་པུའུ་དང་། རྒྱལ་ཡོངས་འབྲོག་ལས་སྤྱི་ཁྱབ་ས་ཚིགས་དང་བོད་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་འགྲམ་གྱི་བ་ཕྱུགས་དང་ང་ཕོད་རྒྱ་ཙ་བ་ཕྱུགས་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་བྱ་སྤྱོད་ཛ་དྲག་ངང་སྤེལ་འགོ་བཙུགས་ནས། འགྲམ་གྱི་བ་ཕྱུགས་དང་ང་ཕོད་རྒྱ་ཙ་བ་ཕྱུགས་སོགས་ཀྱི་ཁྲག་གི་མ་དཔེ་འཚོལ་སྡུད་ཐུབ་པ་དང་། གཞི་རྒྱུ་ཡོངས་བསྐྱར་དུ་ཚད་ལེན་པའི་གཞི་གྲངས་འཚོལ་སྡུད་ལེགས་གྲུབ་བྱུང་བ། མཐའ་མར་གཟུགས་པོའི་ཕྲ་ཕུང་གི་སོན་སྲུང་དང་སྦྲུམ་རྟེན་རྒྱུད་བཤུས་སླར་གསོ་སོགས་ཀྱི་ལག་རྩལ་བརྒྱུད། བོད་ལྗོངས་ཀྱི་སྟོངས་ཉེར་ཡོད་པའི་ཕྱུགས་རྒྱུད་མྱུར་སྐྱོབ་དང་སྲུང་སྐྱོབ་ཐུབ་ཡོད་པ་རེད།