འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཟླ་གཉིས་རིང་དམག་འཁྲུག་མཚམས་འཇོག་བྱེད་སྲིད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་29ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཨ་རིའི་སྨྱན་སྦྱོར་དུ་ཟླ་དང་པོའི་ཚེས་27ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ཨེ་ཅིབ་དང་ཁ་ཐར་སོགས་ཕྱོགས་ཁག་གི་གྲོས་མོལ་འཐུས་མིས་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་གསར་པ་ཞིག་བཟོ་བཞིན་ཡོད་ལ། དེའི་ནང་ཅ་ཧྲ་ས་ཁུལ་དུ་ཟླ་བ་གཉིས་རིང་དམག་མཚམས་འཇོག་རྒྱུ་དང་། ཧ་མ་སིས་བཙན་ཉར་མི་སྣ་100ལྷག་ཙམ་གློད་འགྲོལ་གཏོང་རྒྱུ་སོགས་ཚུད་ཡོད། དབྱི་སི་རལ་དང་། ཁ་ཐར། ཨེ་ཅིབ། ཨ་རི་སོགས་ཕྱོགས་ཁག་གི་འཐུས་མིས་ཚེས་28ཉིན་ཕ་རི་སིར་ཚོགས་འདུ་འཚོགས་ནས་གྲོས་མཐུན་འཆར་ཟིན་ལ་གྲོས་བསྡུར་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད། 
     ཕྱོགས་ཁག་གི་གྲོས་མོལ་འཐུས་ཚབ་ཀྱིས་དབྱི་སི་རལ་དང་ཧ་མ་སི་ཕྱོགས་གཉིས་བར་གྲོས་མཐུན་བཞག་ནས། “གཟབ་ནན་དང་སྤྲོ་སྣང་”གི་རྣམ་འགྱུར་བཟུང་ནས། གྲོས་མཐུན་དེ་གཟའ་འཁོར་གཉིས་ནང་འཇོག་ཐུབ་སྲིད་ཅེས་བཤད་པ་རེད།