འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཁུ་ཁུ་ཤིས་རི་ནས་བསྐྱབས་པའི་གཙོད་ཕྲུག་གསུམ་བདེ་ཐང་ངང་འཚར་ལོངས་ཡོང་བཞིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་29ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ཁུ་ཁུ་ཤིས་རི་རི་སྐོར་རུ་མི་ཚེ་དབང་རྡོ་རྗེས་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་སུ་བསྐྱབས་པའི་གཙོད་ཕྲུག་ལ་འོ་མ་སྟེར་བཞིན་པ།
འདི་ནི་ཁུ་ཁུ་ཤིས་རི་རི་སྐོར་རུ་མི་ཚེ་དབང་རྡོ་རྗེས་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་སུ་བསྐྱབས་པའི་གཙོད་ཕྲུག་ལ་འོ་མ་སྟེར་བཞིན་པ།
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་འབྲི་ཆུའི་ཆུ་འགོ་ཁུལ་ཁུ་ཁུ་ཤིས་རི་དོ་དམ་ཁྲུའུ་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་ཁུ་ཁུ་ཤིས་རིའི་རི་སྐོར་རུ་མིས་བསྐྱབས་པའི་གཙོད་ཕྲུག་གསུམ་མིག་སྔར་བདེ་ཐང་ངང་འཚར་ལོངས་ཡོང་བཞིན་ཡོད་པ་དང་། མི་འགྱངས་བར་ཕྱི་རོལ་དུ་གློད་རྒྱུ་རེད།
     བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་སུ་བཅའ་སྡོད་རི་སྐོར་རུ་མི་ཚེ་དབང་རྡོ་རྗེས། ཟླ་6ཟིན་ཉེར་ཡོད་པའི་གཙོད་ཕྲུག་དེ་གསུམ་2023ལོའི་གཙོད་ཁྱུ་གནས་སྤོས་ནས་གཙོད་ཕྲུག་བཙའ་བའི་དུས་སུ་རི་སྐོར་རུ་མིས་ཁུ་ཁུ་ཤིས་རིའི་དབུས་རྒྱུད་ཀྱི་རྩོ་ནག་མཚོ་ཁོངས་ནས་་བསྐྱབས་པ་ཞིག་རེད་ཅེས་ངོ་སྤྲོད་བྱས། “གནས་སྤོས་ནས་གཙོད་ཕྲུག་བཙའ་བའི་སྐབས་གནམ་གཤིས་ངན་པ་བསྟན་པ་དང་གཅན་གཟན་འཕྲད་ན་གཙོད་ཕྲུག་གཙོད་ཁྱུ་དང་ཁ་ཐོར་སླ་པོ་ཡོད་པས། ང་ཚོས་གཙོད་ཁྱུ་དང་ཁ་ཐོར་བའི་གཙོད་ཕྲུག་ཚང་མ་སྲུང་སྐྱོང་ས་ཚིགས་སུ་ཁྲིད་ཡོང་གི་ཡོད”ཅེས་ཚེ་དབང་རྡོ་རྗེས་བཤད།
     གཙོད་ཕྲུག་ལ་སྲུང་སྐྱོབ་ཡག་པོ་བྱ་ཆེད་སྲུང་སྐྱོང་སྒྲིག་གཞི་དང་གཅེས་སེམས་ཁེ་ལས་ཀྱིས་མ་དངུལ་བཏང་ནས་ཁུ་ཁུ་ཤིས་རི་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་སུ་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་བཙུགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ས་རྒྱ་མུའུ་550ཟིན་པའི་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་ཀྱིས་གཙོད་ཕྲུག་50ལྷག་ཙམ་རང་བྱུང་ཁམས་སུ་ལོག་པར་རོགས་རམ་བྱས་སྟབས་ལྟེ་གནས་དེར“གཙོད་ཕྲུག་བུ་བཅོལ་ཁང”ཞེས་བརྗོད་ཀྱི་ཡོད།
     གསར་འགོད་པས“གཙོད་ཕྲུག་བུ་བཅོལ་ཁང”གི་ལྕགས་དྲའི་ནང་གཙོད་ཕྲུག་གསུམ་ཅི་དགར་རོལ་བཞིན་པ་མཐོང་བྱུང་། “གཙོད་ཕྲུག་འདི་གསུམ་རོགས་སྐྱོབ་ས་ཚིགས་སུ་སླེབས་མ་ཐག་པའི་སྐབས་སུ་ཉིན་རེར་འོ་མ་ཐེངས་བཞི་སྟེར་དགོས་པ་དང་། ད་ཆ་དགོང་མོར་ཐེངས་གཅིག་མ་གཏོགས་སྟེར་དགོས་ཀྱི་མི་འདུག ”ཚེ་དབང་རྡོ་རྗེས་རུ་མི་ཚོས་ལྟ་རྟོག་ཞིབ་ཚགས་བྱས་པ་བརྒྱུད་ད་ཆ་གཙོད་ཕྲུག་གིས་རང་རྐྱ་འཕེར་བའི་ངང་ལྟོ་ཟ་ཐུབ་པ་དང་། རུ་མི་ཚོས་ཀྱང་གཙོད་ཕྲུག་ཕྱི་རོལ་དུ་འོས་འཚམ་གློད་ནས་སྦྱོང་བརྡར་བྱ་རྒྱུ་རེད་ཅེས་བཤད། ཡང་ཁོང་གིས“གཙོད་ཕྲུག་ཕྱི་རོལ་དུ་གློད་པའི་ཆ་རྐྱེན་འཛོམས་ན་ཡང་རང་བྱུང་ཁམས་སུ་གློད་ཀྱི་རེད”ཅེས་བཤད།
     གཙོད་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་ཤིག་ཡིན་ཞིང་། གཙོ་བོ་མཚོ་སྔོན་གྱི་གཙང་གསུམ་ཆུ་འགོ་དང་། ཤིན་ཅང་གི་ཨར་ཅིན་ཧྲན་རི་བོ། བོད་ཀྱི་བྱང་ཐང་བཅས་སུ་འཚོ་སྡོད་བྱེད་ཀྱི་ཡོད། ཁུ་ཁུ་ཤིས་རིའི་དབུས་རྒྱུད་དུ་གནས་པའི་རྩོ་ནག་མཚོ་ཁོངས་སུ་གཙོད་མོའི“གཙོད་ཕྲུག་སྐྱེ་ས”ཞེས་འབོད་ཀྱི་ཡོད། ལོ་རེའི་ཟླ་5པ་ནས་ཟླ་7པའི་བར། མཚོ་སྔོན་གྱི་གཙང་གསུམ་ཆུ་འགོ་དང་། ཤིན་ཅང་གི་ཨར་ཅིན་ཧྲན་རི་བོ། བོད་ཀྱི་བྱང་ཐང་བཅས་ནས་ཡོང་བའི་གཙོད་མོ་རྩོ་ནག་མཚོ་ཁོངས་སུ་གཙོད་ཕྲུག་སྐྱེ་བར་སླེབས་ཀྱི་ཡོད།
     (དབང་སྒྲོན་སྐྱིད་ཀྱིས་བསྒྱུར། བསོད་བདེས་ཞུས)
འདི་ནི་ཁུ་ཁུ་ཤིས་རིའི་རི་སྐོར་རུ་མི་ཚེ་དབང་རྡོ་རྗེས་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་སུ་གཙོད་ཕྲུག་ལ་འོ་མ་སྟེར་བཞིན་པ།
འདི་ནི་ཁུ་ཁུ་ཤིས་རིའི་རི་སྐོར་རུ་མི་ཚེ་དབང་རྡོ་རྗེས་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་སུ་གཙོད་ཕྲུག་ལ་འོ་མ་སྟེར་བཞིན་པ།
འདི་ནི་ཁུ་ཁུ་ཤིས་རིའི་རི་སྐོར་རུ་མི་ཚེ་དབང་རྡོ་རྗེས་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་སུ་གཙོད་ཕྲུག་ལ་བྱིལ་བྱིལ་བྱེད་བཞིན་པ།
འདི་ནི་ཁུ་ཁུ་ཤིས་རིའི་རི་སྐོར་རུ་མི་ཚེ་དབང་རྡོ་རྗེས་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་སུ་གཙོད་ཕྲུག་ལ་བྱིལ་བྱིལ་བྱེད་བཞིན་པ།