འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་ཞིང་ཆེན་འཕྲལ་སྡོམ་ཚན་རིག་ཁྱབ་གདལ་གྱི་སྒྲོག་འགྲེལ་འགྲན་བསྡུར་སྐབས་དང་པོའི་མཐའ་བསྡུར་ཟི་ལིང་དུ་གཉེར་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་28ཉིན། 12:13】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་དོན་ཁང་དང་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་གིས་གཙོ་གཉེར་བྱས་པ་དང་། ཞིང་ཆེན་མེ་ཟོན་རོགས་སྐྱོར་སྤྱི་ཁྱབ་རུ་ཁག་དང་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་གཞོགས་འདེགས་བྱས་ནས་གཉེར་བའི“འཕྲལ་སྡོམ་ཚན་རིག་ཁྱབ་གདལ་དང་ཁྱིམ་གཞིས་སྲུང་སྐྱོང”གི་བརྗོད་དོན་གཙོ་བོའི་མཚོ་སྔོན་ཞིང་ཆེན་གྱི་འཕྲལ་སྡོམ་ཚན་རིག་ཁྱབ་གདལ་གྱི་སྒྲོག་འགྲེལ་འགྲན་བསྡུར་སྐབས་དང་པོའི་མཐའ་བསྡུར་ཟི་ལིང་དུ་གཉེར་བ་རེད། ད་ཐེངས་ཀྱི་འགྲན་བསྡུར་དེ་2023ལོའི་ཟླ་10པ་ནས་འགོ་ཚུགས་ཚུན། ཐོག་མའི་འགྲན་བསྡུར་དང་། བསྐྱར་འགྲན། མཐའ་བསྡུར་བཅས་དུས་མཚམས་གསུམ་བརྒྱུད་པ་དང་ཞིང་ཆེན་དེ་ཡོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་དང་བརྡ་ལེན་ཧུར་ཐག་ཞུས་པ་མ་ཟད། འཕྲལ་སྡོམ་དང་། མེ་ཟོན། ཁྲིམས་འཛིན། འགྲིམ་འགྲུལ། ཆུ་བེད་སོགས་སྡེ་ཚན་དང་འབྲེལ་ཡོད་ཁེ་ལས་ཀྱི་ལས་བྱེད་ལས་བཟོ་རྒྱ་ཁྱབ་ངང་ཞུགས་པ་དང་མིང་ཐོ་ཧུར་ཐག་བཀོད་པས“མི་ཚང་མས་བདེ་འཇགས་ལ་སྣང་ཆེན་དང་མི་ཚང་མས་འཕྲལ་སྡོམ་བྱེད་ཤེས་པའི”རྣམ་པ་ཟབ་མོ་ཞིག་ཆགས་ཡོད།
     སྐབས་འདིའི་སྒྲོག་འགྲེལ་འགྲན་བསྡུར་ནི་མཚོ་སྔོན་ཞིང་ཆེན་གྱིས་གཉེར་བའི་འཕྲལ་སྡོམ་ཚན་རིག་ཁྱབ་གདལ་གྱི་སྒྲོག་འགྲེལ་འགྲན་བསྡུར་སྐབས་དང་པོ་དེ་ཡིན་ཞིང་། དེའི་དམིགས་ཡུལ་ནི་བདེ་འཇགས་ཀྱི་འདུ་ཤེས་དར་སྤེལ་དང་འཕྲལ་སྡོམ་ཤེས་བྱ་ཁྱབ་གདལ་བཏང་ནས་ནུས་ཤུགས་ཡོད་རྒུས་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་ཞིང་ཆེན་ཡོངས་སུ་དོན་འཁྱོལ་ཐུབ་པར་སྐུལ་འདེད་དང་། གནོད་འཚེ་དང་ཉེན་ཁ་འགོག་ཟོན་གྱི་དམངས་ཡོངས་ཀྱི་འདུ་ཤེས་ཕྱོགས་ཡོངས་ནས་ཟབ་ཏུ་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱར་བ་གྲུ་འདེགས་བྱ་རྒྱུ་དེ་ཡིན། ལྟད་མོ་བ་ཚོས་ད་ཐེངས་ཀྱི་འགྲན་བསྡུར་བརྒྱུད། ཚང་མས་དེ་བས་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་རིགས་ཁག་གི་འཕྲལ་སྡོམ་ཚན་རིག་ཁྱབ་གདལ་གྱི་ཤེས་བྱ་ཤེས་རྟོགས་ཐུབ་བྱུང་ལ་སྤྱི་དམངས་ཀྱི་རང་སྐྱོབ་དང་ཕན་ཚུན་མྱུར་སྐྱོབ་དང་། གེགས་འགོག་ཉེན་གཡོལ་གྱི་འཕྲལ་སྡོམ་ནུས་པ་ཆེ་རུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད་ལ། འཕྲལ་སྡོམ་ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་བར་ནུས་པ་གལ་ཆེན་ཐོན་ངེས་རེད་ཅེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།