འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལྷ་ས་མེ་འཁོར་བབས་ཚུགས་ཀྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི་25སྐྱེལ་འདྲེན་བྱ་རྩིས་ཡོད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་26ཉིན། 16:17】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་23ཉིན། གསར་འགོད་པར་མཚོ་བོད་ལྕགས་ལམ་ཀུང་སི་ལྷ་ས་མེ་འཁོར་བབས་ཚུགས་ནས་ཤེས་རྟོགས་བྱུང་བར། 2024ལོའི་རྒྱལ་ཡོངས་ལྕགས་ལམ་གྱི་དཔྱིད་གསར་སྐྱེལ་འདྲེན་ཟླ་1ཚེས་26ཉིན་ནས་འགོ་ཚུགས་ཏེ་ཟླ་3ཚེས་5ཉིན་བར་ཁྱོན་ཉིན་40ཡིན་ཞིང་། དེའི་རིང་ལྷ་ས་མེ་འཁོར་བབས་ཚུགས་ཀྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི་25སྐྱེལ་འདྲེན་བྱ་རྒྱུ་དང་། ཉིན་རེར་མི་ཐེངས་6200ཙམ་སྐྱེལ་འདྲེན་བྱ་རྒྱུ་རེད།
     འདི་ལོའི་དཔྱིད་གསར་གྱི་སྐྱེལ་འདྲེན་རིང་། “ལྕགས་ལམ་12306”ལག་ཐོགས་ཁ་པར་གྱི་སྤྱོད་སྣེས་ད་དུང“སློབ་མ་དང་ལས་མིའི་སྤ་སེ་སྔོན་མངགས་ཆེད་ཁུལ”གྱི་ནུས་པ་བསྣན་ཡོད། སློབ་མའི་གཟིགས་སྐྱོང་འོས་ཐོབ་ལ་ཞིབ་བཤེར་རྩིས་ལེན་ཐོབ་པའི་སློབ་མ་དང་རང་མིང་འགོད་ལམ་བརྒྱུད་ཞིབ་བཤེར་རྩིས་ལེན་ཐོབ་པའི་ལས་མི་ཚོས“སློབ་མའི་དགུན་གསེང་གི་སྤ་སེ་ཆེད་མངགས་ཞབས་ཞུ”དང“ལས་མིའི་དཔྱིད་གསར་སྐྱེལ་འདྲེན་གྱི་སྤ་སེ་སྔོན་མངགས་ཞབས་ཞུ”ཆེད་ཁུལ་བརྒྱུད་དཔྱིད་གསར་སྐྱེལ་འདྲེན་རིང་གི་མེ་འཁོར་སྤ་སེ་མངགས་ཉོ་བྱེད་ཆོག སློབ་མ་དང་ལས་མི་ཚོས“ལྕགས་ལམ་12306”ཆེད་ཁུལ་བརྒྱུད་མེ་འཁོར་སྤ་སེ་ཉོས་ཚེ་མེ་འཁོར་མ་ཐོན་གོང་གི་ཉིན་17(ཉིན་17ཚུད་པ)གྱི་གོང་ནས་ཕྱིར་སྐྱོད་སྤ་སེ་ཉོ་བའི་དགོས་མཁོ་རེ་ཞུ་བྱེད་དགོས།