འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་ཁབ་འདི་གཉིས་ཀའི་ལས་མི་ཕྱིར་འཐེན་གྱི་བླང་བྱ་བཏོན། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་25ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཤིག་གིས་ས་གནས་དེ་གའི་དུས་ཚོད་ཚེས་23ཉིན་སྨྱན་སྦྱོར་ལ་བཤད་དོན། ཡེ་མེན་ཧུའུ་སའེ་དྲག་དཔུང་གིས་ཚོད་འཛིན་ཁུལ་ནང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་ཁག་ལ་བརྡ་ཁྱབ་བཏང་ནས། རྒྱལ་ཁོངས་ཨ་རི་དང་དབྱིན་ཇི་ནས་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་མི་སྣ་ཟླ་བ་གཅིག་གི་ནང་རྩ་འཛུགས་དེའི་ཚོད་འཛིན་ས་ཁུལ་ནས་ཕྱིར་འཐེན་བྱ་དགོས་པའི་བླང་བྱ་བཏོན་པ་རེད། ཡེ་མེན་གྱི་ས་གནས་དེ་གའི་སྨྱན་སྦྱོར་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། མིག་སྔར་ཨ་རི་དང་དབྱིན་ཇིའི་སྤྱི་དམངས་20ཙམ་གྱིས་ཧུའུ་སའེ་དྲག་དཔུང་གིས་ཚོད་འཛིན་ཁུལ་དུ་མཉམ་འབྲེལ་རྒྱལ་ཚོགས་ལ་ལས་ཀ་བྱེད་ཀྱི་ཡོད་པ་རེད། 
     ཨ་རི་དང་དབྱིན་ཇིའི་དམག་འཐབ་གནམ་གྲུས་ཚེས་22ཉིན་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་དཔུང་གི་དམིགས་འབེན་ལ་རེས་སྐོར་གསར་པའི་རྡུང་རྡེག་བཏང་བ་རེད། ཚེས་23ཉིན་ཧུའུ་སའེ་དྲག་དཔུང་གིས་རྩ་འཛུགས་དེས“ཨ་རི་དང་དབྱིན་ཇིར་འཇབ་རྒོལ་བྱས་ནས”འཁོན་ལན་སློག་ངེས་ཡིན་པ་མ་ཟད། ཨ་རི་དང་དབྱིན་ཇིའི་མཉམ་འབྲེལ་དམག་གིས་འབར་མདེལ་དབྱུགས་པ་ཡིས་རྩ་འཛུགས་དེས་དབྱི་སི་རལ་དང་འབྲེལ་བ་ཡོད་པའི་གྲུ་གཟིངས་ལ་ཕར་རྒོལ་བྱེད་མཚམས་འཇོག་མི་སྲིད་ཅེས་སླར་ཡང་ནན་བཤད་བྱས་པ་རེད།
༄༅།།རླངས་འཁོར་ཁྲི་32ལས་བརྒལ་བ་ཕྱིར་བསྡུ་རྒྱུ་རེད། 
     ཚོད་ལྟ་བྱེད་རིང་ཚུལ་མིན་གྱི་བྱེད་སྤྱོད་ཡོད་པས་ལྗར་པན་ཧྥེང་ཐན་ཡན་ལག་ཀུང་སི་ཏ་ཧྥ་བཟོ་ལས་ཀུང་སིས་ཟླ་དང་པོའི་ཚེས་24ཉིན་ལྗར་པན་གྱི་རྒྱལ་ཁབ་ས་ཆའི་འགྲིམ་འགྲུལ་ཞིང་ཆེན་ལ་རླངས་འཁོར་རྣམ་པ་རིགས་གཉིས་དེ་ཁྱོན་རླངས་འཁོར་322740ཕྱིར་བསྡུ་རྒྱུའི་རེ་འདུན་ཞུ་ཡིག་ཕུལ་བ་རེད།