འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ལྗོངས་གཞིས་རྩེས“ཚོགས་སྒྲིག་ཆུང་ངུའི”བོད་སྐྱོར་བྱེད་སྟངས་ལ་བརྟེན་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་རོགས་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་25ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་ཁ་གཏད་བོད་སྐྱོར་གྱི་གྲུབ་འབྲས་རྒྱ་སྐྱེད་གཏིང་ཟབ་དང་། སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱི་ཁ་གཏད་རོགས་སྐྱོར་མཉམ་ལས་ལམ་སྲོལ་འཛུགས་པར་གསར་གཏོད་དང་སྐུལ་འདེད། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི“ཚོགས་སྒྲིག་ཆུང་ངུའི”བོད་སྐྱོར་བྱེད་སྟངས་འཚོལ་ཞིབ་དང་ཁྱབ་གདལ་བཅས་བྱས་པས་རྨང་གཞིའི་ནུས་པ་ཆེ་རུ་ཤུགས་ཆེན་འགྲོ་བར་སྐུལ་ཁྲིད་ཐུབ་ཡོད། 2023ལོར། གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་ཁུལ་གྲུབ་འབྲས་ཐོབ་པའི་ངང་འཛུགས་གཏོད་བྱས་པ་རེད།
     གཞིས་རྩེ་གྲོང་ཁྱེར་གྱིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་མངོན་གསལ་དོད་པའི་ཞན་ཆ་དང་འཇུར་མིག་གི་ཚོད་འཛིན་བསལ་ནས། ཁ་གཏད་བོད་སྐྱོར་ལམ་སྲོལ་གང་འགབ་ཅི་སྤྱོད་དང་། ལག་རྩལ་རོགས་སྐྱོར་གཏིང་ཟབ་བྱེད་པའི་ཐད་ཐབས་ལམ་གསར་པ་དང་ཚད་བརྒལ་གསར་པ་འཚོལ་ཞིབ་བྱས་ཡོད། སྐྱེ་ཁམས་ཁོར་ཡུག་པུའུ་དང་དེ་བཞིན་ཧྲང་ཧའེ་དང་། ཧྲན་ཏུང་། ཅི་ལིན། ཧེ་ལུང་ཅང་བཅས་ཞིང་ཆེན(གྲོང་ཁྱེར)བཞིའི་ཁ་གཏད་རོགས་སྐྱོར་གྱི་ཕན་ཡོད་ལེགས་ཆར་གཞི་ཚུགས་ཏེ། གཞིས་རྩེ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་སྡེ་ཚན་གྱིས་འཕྲེད་ཕྱོགས་དང་གཞུང་ཕྱོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི“1+4+N”ཡི་ཁ་གཏད་རོགས་སྐྱོར་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་པ་སྟེ། “1”ནི་སྐྱེ་ཁམས་ཁོར་ཡུག་པུས་གཞིས་རྩེ་གྲོང་ཁྱེར་སྲིད་གཞུང་ལ་ཁ་གཏད་རོགས་སྐྱོར་དང་། “4”ནི་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་བཞིའི་སྐྱེ་ཁམས་ཁོར་ཡུག་ཐིང(ཅུས)གིས་གཞིས་རྩེ་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཅུས་ལ་ཁ་གཏད་རོགས་སྐྱོར། “N”ནི་ཞིང་ཆེན་དང་གྲོང་ཁྱེར་བཞིས་ཁ་གཏད་བོད་སྐྱོར་གྱི་ལས་འགན་འཁུར་བའི་ས་ཁུལ(གྲོང་ཁྱེར)གྱི་སྐྱེ་ཁམས་ཁོར་ཡུག་སྡེ་ཚན་གྱིས་གཞིས་རྩེ་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གི་སྐྱེ་ཁམས་ཁོར་ཡུག་སྡེ་ཚན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་བཅས་མཚོན་པ་དང་། “ཚོགས་སྒྲིག་ཆུང་ངུ”ལ་བརྟེན་ནས་ཕྱོགས་ཀུན་དང་། ཁྱབ་ཁོངས་མང་བ། ཁྱོན་ཡོངས་ལ་ཁྱབ་པ་བཅས་ཀྱི་རྒྱབ་སྐྱོར་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་མགྱོགས་སུ་གཏོང་ཆེད་ཤེས་ལྡན་པ་དང་། བློ་རིག ལག་རྩལ། མ་དངུལ་སོགས་ཐད་ནས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད།
     དེ་དང་ཆབས་ཅིག གཞིས་རྩེ་གྲོང་ཁྱེར་གྱིས་རིམ་དབྱེ་དང་རིགས་དབྱེའི་སྒོ་ནས་རོགས་སྐྱོར་གྱི་དགོས་མཁོ་གཏན་འཁེལ་དང་རོགས་སྐྱོར་བྱ་ཡུལ་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་འབྲེལ་ཟམ་ཕྱོགས་ཡོངས་ནས་བཙུགས་པས། ཁ་གཏད་རོགས་སྐྱོར་གྱི་ལམ་སྲོལ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
     《གཞིས་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཀྲུང་གོ་ཁོར་ཡུག་ཚན་རིག་ཞིབ་འཇུག་ཁང་གི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》གྲུབ་འབྲས་ཐོབ་པའི་ངང་བཞག་པ་དང་། སྐྱེ་ཁམས་ཁོར་ཡུག་པུས《སྐྱེ་ཁམས་ཁོར་ཡུག་པུས་གནས་གཏན་འཁེལ་གྱིས་གཏིང་སྐྱེས་རྫོང་ལ་རོགས་སྐྱོར་བྱེད་པའི“རྫོང་གཅིག་ལ་སྲིད་ཇུས་གཅིག”གི་བྱ་སྤྱོད་ཇུས་གཞི(2023ལོ་ནས་2025ལོ་བར)》བཟོས་པ། གཞིས་རྩེ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་བཞིའི་སྐྱེ་ཁམས་ཁོར་ཡུག་ཐིང(ཅུས)དང《སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》སོ་སོར་བཞག་པ། ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་སུ་སྐྱེ་ཁམས་ཁོར་ཡུག་སྡེ་ཚན་གྱི“གྲོང་ཁྱེར་དང་རྫོང”གི་ཆ་སྒྲིག་རོགས་སྐྱོར་ལམ་སྲོལ་གསར་གཏོད་རང་བཞིན་གྱིས་བཙུགས་པ་དེས། རྫོང་དང་ཆུས་རིམ་པར“ཚོགས་སྒྲིག་ཆུང་ངུའི”ཐད་ཀར་ཁ་གཏད་རོགས་སྐྱོར་མེད་པའི་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་སྟོང་ཆ་བསྐངས་ཡོད།
     (ཉི་དོན་དང་དཀོན་སྒྲོལ་གྱིས་སྒྱུར་ཞུས་བྱས)