༄༅།།ཧུའུ་སའེ་དྲག་དཔུང་གིས་ཨ་རིའི་རྒྱལ་དར་བཀལ་བའི་གྲུ་གཟིངས་ལ་འཕུར་མདེལ་3འཕངས་པ།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 01ཚེས་25ཉིན། 12:45】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་24ཉིན། ཨ་རིའི་སྤྱི་ཁྱབ་དམག་སྤྱི་ཁང་གིས་གསལ་བསྒྲགས་སྤེལ་ནས། ཡེ་མེན་གྱི་ས་ནའི་དུས་ཚོད་ཟླ་1ཚེས་24ཉིན་གྱི་ཆུ་ཚོད་14ཙམ་ལ། ཡེ་མེན་ཧུའུ་སའེ་དྲག་དཔུང་གིས་ཡ་ཏིང་མཚོ་ཁུག་ཏུ་ཨ་རིའི་རྒྱལ་དར་བཀལ་བའི“མ་ཧྲི་ཅི་ཐི་ཐེ་ལུའུ”རྟགས་ཅན་(Maersk Detroit)གྲུ་གཟིངས་ལ་འཕུར་མདེལ་3འཕངས་པ་དང་། དེའི་ནང་འཕུར་མདེལ་གཅིག་མཚོ་ནང་དུ་ལྷུངས་པ་དང་། འཕུར་མདེལ་གཉིས་ཨ་རིའི“ཀེ་ལེ་ཧྥུའུ”རྟགས་ཅན་མཐར་སྐྲོད་དམག་གྲུས་བཀག་ནས་གཏོར་ཐུབ་པ་རེད།
མིག་སྔར་མི་ལ་རྨས་སྐྱོན་ཕོག་པའམ་གྲུ་གཟིངས་ལ་ཆག་སྐྱོན་བྱུང་བའི་སྙན་ཞུ་བྱུང་མེད།
ཡེ་མེན་ཧུའུ་སའེ་དྲག་དཔུང་གིས་དེའི་ཐད་ལན་བརྒྱབ་མེད།