འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།2023ལོར་པུའུ་རིམ་པའི་ཞིང་ཆེན་གྱི་འགོ་ཁྲིད་49ལ་ཆད་པ་བཅད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་25ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   2023ལོར་རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་བསྡོམས་ཡིག་སྐུར་ངོ་གཏུག་ཐེར་འདོན་གོང་ཞུ་ཐེངས་གྲངས་ཁྲི་345.2བསྡུ་ལེན་བྱས་པ་དང་། དེའི་ནང་ཉེས་འདོན་དང་ཞུ་གཏུག་རིགས་ཀྱི་ཡིག་སྐུར་ངོ་གཏུག་ཐེར་འདོན་གོང་ཞུ་ཐེངས་གྲངས་ཁྲི་105.7ཟིན་ཡོད། གནད་དོན་གྱི་ཁུངས་སྣེ་ཁྲི་173.3ཐག་གཅོད་བྱས་པའི་ནང་གླེང་མོལ་དང་ཡིག་སྐུར་འདྲི་རྩད་ཁྲི་36.3ཟིན་ཡོད། གྱོད་གཞི་ངོ་གྲངས་ཁྲི་62.6ཐོ་འགོད་བྱས་པ་དང་། དེའི་ནང་དུ་འབྲིང་རིམ་དོ་དམ་ལས་བྱེད་པ་87དང་། ཐིང་ཅུས་རིམ་པའི་ལས་བྱེད་པ་3456 རྫོང་ཁྲུའུ་རིམ་པའི་ལས་བྱེད་པ་ཁྲི་2.7 ཤང་ཁོའོ་རིམ་པའི་ལས་བྱེད་པ་ཁྲི་8.9བཅས་ཐོ་འགོད་བྱས་ཡོད། ད་ལྟ་ཐོ་འགོད་བྱས་པའམ་ཡང་ན་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཟུར་པ་མི་གྲངས་ཁྲི་6.1ཟིན་ཡོད། མི་ཁྲི་61ལ་ཆད་པ་བཅད་པའི་ནང་། མི་ཁྲི་49.8ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ་དང་། མི་ཁྲི་16.2ལ་སྲིད་དོན་གྱི་ཆད་པ་བཅད་ཡོད། པུའུ་རིམ་པའི་ཞིང་ཆེན་གྱི་ལས་བྱེད་པ་49དང་། ཐིང་ཅུས་རིམ་པའི་ལས་བྱེད་པ་3144 རྫོང་ཁྲུའུ་རིམ་པའི་ལས་བྱེད་པ་ཁྲི་2.4 ཤང་རིམ་པའི་ལས་བྱེད་པ་ཁྲི་8.2བཅས་ལ་ཆད་པ་བཅད་ཅིང་། ལས་བྱེད་པ་དཀྱུས་མ་ཁྲི་8.5དང་། གྲོང་གསེབ་དང་ཁེ་ལས་སོགས་ཀྱི་མི་སྣ་གཞན་དག་ཁྲི་41.7བཅས་ཡོད།   
   2023ལོར་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་“རྣམ་པ་བཞིའི་”ཐོག་ནས་སྐྱོན་བརྗོད་སློབ་གསོ་བཏང་བ་དང་། མི་ཐེངས་ཁྲི་171.8ཐག་གཅོད་བྱས་ཡོད། དེའི་ནང་རྣམ་པ་དང་པོ་སྤྱད་དེ་མི་ཐེངས་ཁྲི་109.6ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པ་དེས་མི་ཐེངས་བསྡོམས་འབོར་གྱི་63.8%བཟུང་བ་དང་། རྣམ་པ་གཉིས་པ་སྤྱད་དེ་མི་ཐེངས་ཁྲི་49.2ཐག་གཅོད་བྱས་པ་དེས་28.6%བཟུང་བ། རྣམ་པ་གསུམ་པ་སྤྱད་དེ་མི་ཐེངས་ཁྲི་6.4ཐག་གཅོད་བྱས་པ་དེས་3.7%བཟུང་བ། རྣམ་པ་བཞི་པ་སྤྱད་དེ་མི་ཐེངས་ཁྲི་6.6ཐག་གཅོད་བྱས་པ་དེས་3.9%ཟིན་ཡོད། 
   ལྐོག་རྔན་སྤྲོད་ལེན་ཞིབ་བཤེར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ལྐོག་རྔན་སྤྲོད་མཁན་མི་ཁྲི་1.7གྱོད་དོན་ཐོ་འགོད་བྱས་པ་དང་། ཞིབ་དཔྱོད་ལས་ཁུངས་ལ་མི་3389སྐྱེལ་སྤྲོད་བྱས་ཡོད།