འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཝང་ཝུན་པིན་གྱིས་ཞི་ཧྲ་གླིང་ཚོམ་དང་ནན་ཧྲ་གླིང་ཚོམ་ནི་ཀྲུང་གོའི་མངའ་ཁོངས་ས་ཆ་ཡིན་བསྟན།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་25ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   “ཕྱི་འབྲེལ་པུའི་མགྲིན་ཚབ་པའི་གཞུང་དོན་ཁང་”གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཟླ་1ཚེས་24ཉིན། ཕྱི་འབྲེལ་པུའི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག 《གོ་ལ་ཧྲིལ་པོའི་སྐབས་དོན་ཚགས་པར་》གྱི་གསར་འགོད་པས། ཟླ་1ཚེས་20ཉིན་ཝེ་ཐེ་ནམ་གྱི་ཕྱི་འབྲེལ་པུའི་མགྲིན་ཚབ་པས། ཝེ་ཐེ་ནམ་ཕྱོགས་ལ་ “ཧོང་ཧྲ་གླིང་ཚོམ་”དང་“ཁྲང་ཧྲ་གླིང་ཚོམ་”ལ་“བདག་དབང་ཡོད་”པའི་ཐད་བཅའ་ཁྲིམས་ཀྱི་གཞི་འཛིན་ས་དང་ལོ་རྒྱུས་ཀྱི་དཔང་རྟགས་གང་ལེགས་ཡོད་ཅེས་བརྗོད་འདུག ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས། 
   ཝང་ཝུན་པིན་གྱིས། ཞི་ཧྲ་གླིང་ཚོམ་དང་ནན་ཧྲ་གླིང་ཚོམ་ནི་ཀྲུང་གོའི་མངའ་ཁོངས་ས་ཆ་ཡིན་ཞིང་། དེར་ལོ་རྒྱུས་དང་ཁྲིམས་གཞིའི་གཞི་འཛིན་ས་གང་ལེགས་ཡོད། ཀྲུང་གོས་གླིང་ཚོམ་དེ་དག་ཤེས་སྔ་ཤོས་དང་། མིང་འདོགས་པ་སྔ་ཤོས། གསར་སྤེལ་གཉེར་སྐྱོང་བྱེད་སྔ་ཤོས་བཅས་ཡིན་པ་མ་ཟད། དེར་བདག་དབང་གི་བདག་ཁོངས་མུ་མཐུད་སྤྱོད་ཀྱི་ཡོད། འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཀྲུང་གོའི་མངའ་ཁོངས་ལ་ཁྲིམས་དང་མི་མཐུན་པའི་འདོད་ཚུལ་བཏོན་པར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས། རང་ཉིད་ཀྱི་བདག་དབང་མུ་མཐུད་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱ་རྒྱུ་ཡིན་བཤད།