འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལྗང་མདོག་གྲུ་ཁ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་25ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ཟླ་1ཚེས་21ཉིན་རྒྱལ་ཁབ་གློག་དྲ་མེ་ཧྲན་ཐཱན་ཉུང་གྲུ་ཁའི་དཔེ་སྟོན་ལས་གྲྭའི་རླུང་གློག་དང་འོད་གློག་གསོག་འཇོག་གཞི་གཅིག་ཅན་གྱི་རྣམ་གྲངས་ཀྱི་ཀྲའོ་ཝ་6.25ཟིན་པའི་རླུང་འཁོར་འཕྲུལ་ཚན་དང་པོ་གློག་དྲ་སྦྲེལ་ནས་གློག་གཏོང་ཐུབ་པ།
ཟླ་1ཚེས་21ཉིན་རྒྱལ་ཁབ་གློག་དྲ་མེ་ཧྲན་ཐཱན་ཉུང་གྲུ་ཁའི་དཔེ་སྟོན་ལས་གྲྭའི་རླུང་གློག་དང་འོད་གློག་གསོག་འཇོག་གཞི་གཅིག་ཅན་གྱི་རྣམ་གྲངས་ཀྱི་ཀྲའོ་ཝ་6.25ཟིན་པའི་རླུང་འཁོར་འཕྲུལ་ཚན་དང་པོ་གློག་དྲ་སྦྲེལ་ནས་གློག་གཏོང་ཐུབ་པ།
   འདི་ག་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ། ཉིང་པོ་ཀྲོའུ་ཧྲན་གྲུ་ཁ་མེ་ཧྲན་གྲུ་ཁའི་མཚོ་ཁོངས་སུ་རྒྱལ་ཁབ་གློག་དྲ་མེ་ཧྲན་ཐཱན་ཉུང་གྲུ་ཁའི་དཔེ་སྟོན་ལས་གྲྭའི་རླུང་གློག་དང་འོད་གློག་གསོག་འཇོག་གཞི་གཅིག་ཅན་གྱི་རྣམ་གྲངས་ཀྱི་ཀྲའོ་ཝ་6.25ཟིན་པའི་རླུང་འཁོར་འཕྲུལ་ཚན་དང་པོ་ཉེ་ཆར་གློག་དྲ་སྦྲེལ་ནས་གློག་གཏོང་ཐུབ་པ་རེད། རྣམ་གྲངས་དེར་ཀྲའོ་ཝ་6.25ཟིན་པའི་རླུང་འཁོར་5ཚུད་པ་དང་འབྲེལ། ཀྲའོ་ཧྥུང་ཝ་1.72ཟིན་པའི་འོད་ཤུགས་རྣམ་གྲངས་དང་ཀྲའོ་ཝ་1∕ཀྲའོ་ཝ་2ཟིན་པའི་སྐབས་ཐོག་ནུས་རྒྱུ་གསོག་འཇོག་རྣམ་གྲངས་དང་དེ་བཞིན་ནུས་རྒྱུ་དོ་དམ་མ་ལག་རྟ་སྒ་ཆ་སྒྲིག་བྱས་ཡོད་ཅིང་། འཆར་གཞི་ལྟར་ན་འདི་ལོའི་ཟླ་དྲུག་པའི་ཟླ་མཇུག་ཏུ་ཤོང་ཚད་ཆ་ཚང་གི་ཐོག་ནས་དྲ་སྦྲེལ་གློག་གཏོང་རྩིས་ཡོད་པ་དང་། དེ་ནི་ཀྲོའུ་ཧྲན་གྲུ་ཁའི་ལྗང་མདོག་གྲུ་ཁ་འཛུཌ་སྐྲུན་ལ་སྐུལ་འདེད་གཏོང་བའི་ཚད་བརྒལ་གལ་ཆེན་ཞིག་རེད།
   ཧྲན་ཏུང་གྲུ་ཁའི་ཆིང་ཏའོ་གྲུ་ཁས་2022ལོར་རྒྱལ་ནང་གྲུ་ཁའི་ཆིང་སྣོན་ས་ཚིགས་དང་པོ་དེ་བསྐྲུན་པ་དང་། 2023ལོའི་ལོ་མཇུག་ཏུ་ཆིང་ནུས་དོས་སྒམ་ལྗིད་ཐེག་རླངས་འཁོར་20སྔ་རྗེས་སུ་ཉོས་ནས་དོས་སྒམ་འདོན་འཇུག་ལ་སྤྱད་པ་དང་། རིམ་རྩིས་བརྒྱབ་ན་ཆིང་ཏུན་22ཙམ་སྤྱད་པ་དེ་ཁྲའེ་ཡིའུ་སྣུམ་ཧྲེང་ཁྲི་12ཙམ་གྲོན་ཆུང་བྱས་པ་དང་མཚུངས་ཡོད། མིག་སྔར་རང་འགུལ་ཅན་གྱི་གྲུ་ཁའི་དུས་ཐེངས་གསུམ་པའི་ཆིང་གི་སྒུལ་ཤུགས་འཁོར་ལམ་10འདེགས་སྒྲིག་སྒྱུར་བཀོད་བྱེད་བཞིན་ཡོད་པ་དང་། ཆན་དབན་གྲུ་ཁུའི་ཆིང་སྣོན་ས་ཚིགས་ཀྱི་དུས་ཐེངས་གཉིས་པའི་ནུས་སྐྱེད་འཆར་གཞི་ལག་བསྟར་བྱས་ཏེ། ཆིང་གློག་སྒུལ་ཤུགས་འཐེན་གྲུ་བཟོ་སྐྲུན་ལ་སྐུལ་འདེད་གཏོང་འགོ་ཚུགས་ནས། ཆིང་ཏའོ་གྲུ་ཁར་ཐཱན་ཉུང་གྲུ་ཁ་གཏོད་རོགས་བྱེད་རྒྱུ་རེད།
ཟླ་1ཚེས་23ཉིན་ཆིང་ཏའོ་གྲུ་ཁའི་ཆན་དབན་དོས་སྒམ་གྲུ་ཁར་ཆིང་ནུས་དོས་སྒམ་ལྗིད་ཐེག་རླངས་འཁོར་ནས་དོས་སྒམ་འདོན་འཇུག་བྱེད་བཞིན་པ།
ཟླ་1ཚེས་23ཉིན་ཆིང་ཏའོ་གྲུ་ཁའི་ཆན་དབན་དོས་སྒམ་གྲུ་ཁར་ཆིང་ནུས་དོས་སྒམ་ལྗིད་ཐེག་རླངས་འཁོར་ནས་དོས་སྒམ་འདོན་འཇུག་བྱེད་བཞིན་པ།