འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འོད་གློག་གིས་ཕན་པ་ཐོབ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་24ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་འཕྱོངས་རྒྱས་རྫོང་སྦས་སྣ་གྲོང་ཚོའི་ཀྲའོ་ཝ་50ཟིན་པའི་འོད་ཤུགས་གསོག་ནུས་རྣམ་གྲངས་ཡིན་པ།
འདི་ནི་འཕྱོངས་རྒྱས་རྫོང་སྦས་སྣ་གྲོང་ཚོའི་ཀྲའོ་ཝ་50ཟིན་པའི་འོད་ཤུགས་གསོག་ནུས་རྣམ་གྲངས་ཡིན་པ།
     ཉེ་ཆར། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་སྦས་སྣ་གྲོང་ཚོའི་ཀྲའོ་ཝ་50ཟིན་པའི་འགན་སྲུང་རང་བཞིན་གྱི་དྲ་སྦྲེལ་འོད་ཤུགས་གློག་གཏོང་རྣམ་གྲངས་པུས་གློག་གཏོང་བའི་ཆ་རྐྱེན་འཛོམས་པའི་མཛད་སྒོ་འཚོགས་པ་ལས། རྣམ་གྲངས་དེ་ཕྱོགས་ཡོངས་ནས་གློག་དྲ་སྦྲེལ་ཏེ་གློག་གཏོང་བའི་ལུགས་ལྡོག་དུས་རྩིས་ཀྱི་དུས་སུ་སླེབས་པ་མཚོན་གྱི་ཡོད། རྣམ་གྲངས་བསྐྲུན་ནས་སྤྱོད་འགོ་ཚུགས་རྗེས་འཕྱོངས་རྒྱས་རྫོང་གི་ནུས་རྒྱུའི་གྲུབ་ཆ་ཕྱོགས་སྒྱུར་རིམ་སྤོར་གང་མགྱོགས་ཡོང་བར་སྐུལ་མ་ཐེབས་རྒྱུ་མ་ཟད། ནུས་རྒྱུ་གཙང་མས་གཙོ་བོར་བྱས་པའི་གློག་ཤུགས་མ་ལག་གསར་པ་བསྐྲུན་ནས་བདེ་འཇགས་དང་ཕན་ནུས་ཆེ་བའི་དེང་རབས་ནུས་རྒྱུའི་མ་ལག་གཏོད་པར་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་རྒྱུ་རེད།