འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྫོང་འདི་དག་ལ་ཁ་གསབ་སྒོར་ཁྲི་1000སྤྲོད་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་24ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་ཆར་ཀན་སུའུ་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གིས་《ཀན་སུའུ་ཞིང་ཆེན་གྱི་2024ལོའི་ལྷད་མེད་འདེབས་གསོའི་འཁོར་རྒྱུག་ཞིང་ལས་ཚོད་ལྟའི་རྣམ་གྲངས་ལག་བསྟར་ཇུས་གཞི་》པར་འགྲེམས་བྱས་པ་རེད། ད་ལོ་ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར་1.1བཏང་སྟེ་སུའུ་ཀྲོའུ་ཁུལ་དང་། ཀན་ཀྲོའུ་ཁུལ། ཅིན་ཁྲོན་ཁུལ། ལེའང་ཀྲོའུ་ཁུལ། ཅིང་ཡོན་རྫོང་། ཧུའེ་ཉིང་རྫོང་། ཝུའུ་ཧྲན་རྫོང་། ཀྲོང་ལང་རྫོང་། ཝུའུ་ཏུའུ་ཁུལ། ཞིས་ཧྥེང་ཁུལ། བསང་ཆུ་རྫོང་སོགས་རྫོང་དང་ཁུལ་11ལ་ལྷད་མེད་འདེབས་གསོའི་འཁོར་རྒྱུག་ཞིང་ལས་ཚོད་ལྟའི་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱས་པ་རེད། 
     《ཇུས་གཞིའི་》ནང་2024ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་ངེད་ཞིང་ཆེན་གྱི་ལྷད་མེད་འདེབས་གསོའི་འཁོར་སྐྱོད་ཞིང་ལས་ཚོད་ལྟའི་རྣམ་གྲངས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་1.1རྒྱབ་སྐྱོར་བྱས་ནས། ཚོད་ལྟའི་རྫོང་རེར་ཁ་གསབ་མ་དངུལ་སྒོར་ཁྲི་1000སྤྲོད་རྒྱུ་དང་། ཚོད་ལྟའི་ཁ་གསབ་མ་དངུལ་དེ་ཞིང་ལུད་བླུགས་པའི་གཙོ་གནད་ལྷུ་ཚིགས་དང་སྐྱེ་དངོས་ཀྱི་སྐྱེ་ལྡན་ལུད་དང་། ཚོད་ལྟའི་དཔེ་སྟོན། ལག་རྩལ་མཛུབ་ཁྲིད་ཞབས་ཞུ་སོགས་པར་ཁ་གསབ་བྱེད་པར་སྤྲོད་རྒྱུ་རེད། རང་རེའི་ཞིང་ཆེན་གྱི་དོན་དངོས་ལ་གཞིགས་ནས། འབྲོག་ལས་རྫོང་ཆེན་དང་། འབྲུ་རིགས་དང་ཤིང་འབྲས་དང་སྔོ་ཚལ་ཐོན་ཁུལ་གཙོ་བོ་དང་སྐྱེ་ཁམས་སྲུང་སྐྱོང་གཙོ་གནད་ས་ཁོངས་ལ་དམིགས་ཏེ། རང་རེའི་ཞིང་ཆེན་གྱི་རྫོང་དང་ཁུལ་11ཏུ་ལྷད་མེད་འདེབས་གསོའི་འཁོར་རྒྱུག་ཞིང་ལས་ཀྱི་ཚོད་ལྟའི་ལས་དོན་སྤེལ་བ་རེད། རྫོང་དང་ཁུལ་ཁག་གི་ཚོད་ལྟའི་ལག་བསྟར་ཁྱབ་ཁོངས་ནང་རྨོ་ཞིང་དང་སྔོ་ཚལ་འདེབས་འཛུགས་ཁོ་ན་བྱས་ནས། རྫོང་ཧྲིལ་པོར་ལུད་རང་སར་མེད་པར་བཟོ་བ་དང་ཐག་ཉེའི་ཞིང་ཁར་རྒྱག་པའི་ཁ་གསབ་བྱ་དགའ་སྤྲོད་པའི་ཚོད་ལྟའི་ལས་དོན་སྤེལ་ནས། ཚོད་ལྟའི་དཔེ་སྟོན་ཁུལ་གྱི་རྒྱ་ཁྱོན་མུའུ་ཁྲི་10ཡན་ཟིན་ཡོད་པ་རེད།