འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།2023ལོར་བོད་རང་སྐྱོང་ལྗོངས་ཀྱི་དངོས་ཟོག་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་110ཙམ་ཟིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་24ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། བོད་རང་སྐྱོང་ལྗོངས་ཀྱི་2023ལོའི་ལོ་འཁོར་གྱི་ཕྱི་ཕྱོགས་ཚོང་དོན་གྱི་གྲུབ་འབྲས་ཡོངས་བསྒྲགས་བྱས་ཤིང་། 2023ལོར། བོད་ཀྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་109.78ཟིན་ཏེ་དུས་མཚུངས་ལས་138.8%འཕར་བའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་98.25ཟིན་པ་དེ་127.75%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་11.53ཟིན་ཏེ་295.2%འཕར་ནས་ཚོང་དོན་གྱི་དྲང་ཁྱད་སྒོར་དུང་ཕྱུར་86.72ཟིན་ཡོད་པ་རེད།
     ལྷ་ས་འགག་སྒོ་ཕྱོགས་བསྡུས་ལས་སྒོ་ཁྲུའུ་དང་པོའི་འགན་འཁུར་བས། 2023ལོར། བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་ཐད་བརྟན་པོ་ཡོང་བར་སྐུལ་འདེད་དང་སྤུས་ཚད་ལེགས་སུ་གཏོང་བའི་སྔོན་དཔག་དམིགས་ཚད་མངོན་འགྱུར་བྱུང་བ་ནི་2015ལོའི་ནེ་པ་ལའི“4·25”ས་ཡོམ་རྗེས་དུང་ཕྱུར་བརྒྱ་ཡི་གཞི་ཁྱོན་ལས་ཐེངས་དང་པོ་བརྒལ་ནས་ཕྱི་ཕྱོགས་ཚོང་དོན་གྱི་བརྟེན་ཤུགས་4.8%བར་འཕར་བ་ཞིག་རེད་ཅེས་བཤད།
     ཉོ་ཚོང་བྱེད་སྟངས་ནས་བལྟས་ཚེ། ཚོང་དོན་དཀྱུས་མ་དང་མཐའ་མཚམས་ཀྱི་ཚོང་དོན་གཉིས་ཀ་འཕར་ཤུགས་ཆེ་ཙམ་ཡོད་ཅིང་། 2023ལོར། བོད་ཀྱི་ཚོང་དོན་དཀྱུས་མའི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་82.30ཟིན་ནས་166.5%འཕར་བ་དང་། མཐའ་མཚམས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་27.16ཟིན་ནས་81.7%འཕར་ཡོད་པ་རེད།
     ཚོང་དོན་རོགས་ཟླ་ནས་བལྟས་ཚེ། དཔལ་འབྱོར་ཚོང་དོན་གྱི་འབྲེལ་བ་ཟམ་མི་ཆད་པར་རྒྱ་སྐྱེད་བཏང་ཞིང་། 2023ལོར་བོད་ཀྱིས་རྒྱལ་ཁབ་དང་ས་ཁུལ་175དབར་ཕྱིར་གཏོང་ནང་འདྲེན་བྱས་ཤིང་། ཕྱིར་གཏོང་ནང་འདྲེན་བྱེད་ཚད་ལོ་གོང་མ་ལས་གྲངས་འབོར་ཕྱེད་ཀ་ཙམ་གྱིས་མང་དུ་ཕྱིན་ཡོད།
     གཉེར་སྐྱོང་བྱེད་པོ་ནས་བལྟས་ཚེ། ཁེ་ལས་ཐེ་ཞུགས་ཀྱི་སྤྲོ་སེམས་མངོན་གསལ་དོད་པོས་འཕེལ་ནས་ཞུགས་མཁན་བཅུ་ཆ་དགུ་ལྷག་ཙམ་དམངས་གཉེར་ཁེ་ལས་ཡིན་ཞིང་། 2023ལོར་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཁེ་ལས་འཁྲུག་ཆ་དོད་ཚད་13.8%བར་འཕར་བ་དང་། དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་103.07ཟིན་ནས་ལྡབ་1.3འཕར་བ་དེས་རིན་ཐང་བསྡོམས་འབོར་གྱི་93.9%ཡན་བཟུང་ཡོད།
     ས་ཁུལ་ཁྱབ་ཚུལ་ནས་བལྟས་ཚེ། ལྷ་ས་གྲོང་ཁྱེར་དེ་ཉིད་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་མདུན་གྲལ་དུ་སླེབས་པ་དང་གཞིས་རྩེ་གྲོང་ཁྱེར་གྱི་ཚོང་དོན་འཕར་ཤུགས་ཆེ་ཞིང་། 2023ལོར་ལྷ་ས་གྲོང་ཁྱེར་གྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་55.18ཟིན་པ་དང་གཞིས་རྩེ་གྲོང་ཁྱེར་གྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་54.22ཟིན་ནས་གྲོང་ཁྱེར་གཉིས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་གྱིས་སྤྱིའི་རིན་ཐང་བསྡོམས་འབོར་གྱི་99%ཡན་བཟུང་སྟེ། བོད་ཀྱི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི“སྒུལ་ཤུགས་ཉིས་ཅན”དུ་གྱུར་ཡོད།
     ཚོང་ཟོག་གི་གྲུབ་ཆ་ནས་བལྟས་ཚེ། འཕྲུལ་གློག་ཐོན་རྫས་དང་ངལ་རྩོལ་མང་འདུས་རྣམ་པའི་ཐོན་རྫས་ཕྱིར་གཏོང་འཕེལ་ཕྱོགས་ལེགས་པ་དང་། མཐོ་གསར་ལག་རྩལ་གྱི་ཐོན་རྫས་དང་ཚོང་ཟོག་འབོར་ཆེན་ནང་འདྲེན་གྱི་གཞི་ཁྱོན་ཆེ་རུ་ཕྱིན་ཞིང་། 2023ལོར་བོད་ཀྱི་ཁེ་ལས་ཀྱིས་ངལ་རྩོལ་མང་འདུས་རྣམ་པའི་ཐོན་རྫས་ཕྱིར་གཏོང་བྱས་པར་སྒོར་དུང་ཕྱུར་45.56ཟིན་ནས་276.9%འཕར་བ་དང་། འཕྲུལ་གློག་ཐོན་རྫས་ཕྱིར་གཏོང་བྱས་པར་སྒོར་དུང་ཕྱུར་33.82ཟིན་ནས་59.5%འཕར་བ། ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱས་པར་སྒོར་དུང་ཕྱུར་0.94ཟིན་ནས་17.4%འཕར་བ། མཐོ་གསར་ལག་རྩལ་གྱི་ཐོན་རྫས་ནང་འདྲེན་བྱས་པར་སྒོར་དུང་ཕྱུར་6.10ཟིན་ནས་946.2%འཕར་བ། ཚོང་ཟོག་འབོར་ཆེན་ནང་འདྲེན་བྱས་པར་སྒོར་དུང་ཕྱུར་2.12ཟིན་ནས་50.1%འཕར་བ། འཛད་རྫས་ནང་འདྲེན་བྱས་པར་སྒོར་དུང་ཕྱུར་1.14ཟིན་ནས་151.0%འཕར་བ་བཅས་རེད།
     (སྐལ་མཆོག་གིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)