འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།2023ལོར་བོད་རང་སྐྱོང་ལྗོངས་ཀྱིས་མི་སྒེར་གྱི་ཐོབ་ཁྲལ་བསྡོམས་རྩིས་གཙང་འཇལ་དང་ཁྲལ་སློག་གི་ཟིན་ཐོ་གསར་པ་བཏོད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་23ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་དུ་གནས་ཚུལ་སྤེལ་བ་གཞིར་བཟུང་། 2023ལོར། ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་དངུལ་རྩས་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས“ཀྲུང་དབྱང་དངུལ་ཁང་རྒྱལ་མཛོད་ཀྱིས་དམངས་ལ་ཞབས་འདེགས་ཞུ་བའི”ཐོག་མའི་བསམ་འདུན་ལག་ལེན་བསྟར་ཏེ་ཁྲལ་འཇལ་བར་སྲིད་ཇུས་ཀྱི“ཁེ་སྤོགས”འཕྲལ་མར་ལོངས་སྤྱོད་ཐུབ་པ་དང་ཁྲལ་སློག་གཞི་ཁྱོན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། 2023ལོར། ལྗོངས་ཡོངས་སུ་མི་སྒེར་གྱི་ཐོབ་ཁྲལ་བསྡོམས་རྩིས་གཙང་འཇལ་དང་ཁྲལ་སློག་ལས་སྒོ་གཉེར་ཚད་སྒོར་དུང་ཕྱུར་1.59ཟིན་པ་དེས་ཁྲལ་འཇལ་བ་ཁྲི་19.27ལ་ཕན་པ་ཐོབ་པ་དང་། དུས་མཚུངས་ལས་29.27%དང་22.12%སོ་སོར་འཕར་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཞབས་ཞུའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་སྔར་བས་ཆེ་རུ་བཏང་ནས་ཁྲལ་སློག་གནད་སྨིན་ཡོང་ཚད་འགན་ལེན་བྱ་ཆེད། ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་དང་རང་འགུལ་ངང་འབྲེལ་གཏུག་མཐུན་སྦྱོར་བྱས་ནས་འཕྲལ་སྡོམ་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་ཆ་འཕྲིན་མཉམ་སྤྱོད་ཐུབ་པར་བྱས་ཏེ་ཁྲལ་སློག“གནད་སྨིན་དང་། མགྱོགས་མྱུར། བདེ་འཇགས”བཅས་ཀྱི་སྒོ་ནས་ཁྲལ་འཇལ་མཁན་གྱིས་ཤེས་རྟོགས་བྱུང་ཡོད། དེ་དང་ཆབས་ཅིག་མི་སྒེར་གྱི་ཐོབ་ཁྲལ་གློག་རྡུལ་ཁྲལ་སློག་ལས་སྒོའི་བརྒྱུད་རིམ་མུ་མཐུད་ལེགས་སུ་བཏང་ནས“འཕྲུལ་བཤེར+མི་ཐབས”ཀྱི་བྱ་ཐབས་བརྒྱུད། མི་སྒེར་གྱི་ཐོབ་ཁྲལ་ཁྲལ་སློག་ལས་སྒོ“འཕྲལ་ཡོང་དང་། འཕྲལ་ཞིབ། འཕྲལ་གཉེར”བཅས་ཐུབ་པར་བྱས་ཏེ་ཁྲལ་སློག་ལས་ཀའི་སྤུས་ཚད་དང་ཕན་འབྲས་འགན་ལེན་ནུས་ལྡན་བྱས་ཡོད་པ་རེད།
     (པ་ཚེས་བསྒྱུར། པ་ཚེ་དང་བུ་ཁྲིད་ཀྱིས་ཞུས)