འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།2023ལོར་མཚོ་སྔོན་དུ་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་430.64བྱུང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་23ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་1ཚེས་14ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར། 2023ལོར་མཚོ་སྔོན་ཞིང་ཆེན་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་4476.35ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་107.4%འཕར་བ་དང་། ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་430.64ཟིན་པ་དེ་དུས་མཚུངས་ལས་196.3%འཕར་ཡོད།
     2023ལོར་མཚོ་སྔོན་གྱིས་དངུལ་ཁང་དང་ཁེ་ལས་འབྲེལ་མཐུད་སྤེལ་རེས་ཀྱི་མཉམ་ལས་ལས་སྟེགས་བཏོད་དེ“སྤྱི་ཚོགས་འགན་བཅོལ་གཱ་དང་། རིག་གནས་ཡུལ་སྐོར། དངུལ་རྩ་བཅས་ཟུང་དུ་འབྲེལ་བའི”དྲ་ཐོག་དང་དྲ་ཕྱིའི་ཞབས་ཞུའི་ཁྱབ་ཁོངས་བཏོད་ཅིང་། སྒོར་ཁྲི་2754.51རི་བའི་རིག་གནས་དང་ཡུལ་སྐོར་གྱི་བརྗོད་དོན་གཙོ་བོའི་འཛད་སྤྱོད་ཀྱི་འཛིན་ཤོག་སྣ་ཚོགས་སྤྲད་པ་དང་། འཛད་སྤྱོད་སྒོར་ཁྲི་9559.9ཐད་ཀར་སྐུལ་ཁྲིད་བྱས་པ། འཛད་སྤྱོད་སྒོར་དུང་ཕྱུར་6.69གཞན་བརྒྱུད་སྐུལ་ཁྲིད་བྱས་ཡོད། རྒྱལ་ཁབ་ཀྱི་A4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་11དང་། A3རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་27 ཞིང་ཆེན་རིམ་པའི་བཟོ་ལས་ཡུལ་སྐོར་དཔེ་སྟོན་རྟེན་གཞི་9བཅས་ཞིབ་དཔྱད་གཏན་འཁེལ་བྱས་ཡོད། ཏ་ཁྲའེ་ཏན་གྱི་བྱང་ཐིག་37°དང་མདོ་ལ་ལྷ་ཡི་ཞིང་ཁམས་ཀྱི་གནས་མཚོའི་སྒར་ས་རྒྱལ་ཁབ་C4རིམ་པའི་སྒེར་འཁོར་གྱི་བྱེས་སྡོད་སྒར་སར་བདམས་པ་དང་། གོར་མོའི་སྐམ་སའི་གྲུ་ཁ་1960ཡུལ་སྐོར་སྤྲོ་གསེང་ཁྲོམ་གཞུང་རྒྱལ་ཁབ་རིམ་པའི་ཡུལ་སྐོར་ཁྲོམ་གཞུང་དུ་བདམས་པ། མཚོ་སྔོན་པོའི་ཡུལ་སྐོར་ལམ་ཆེན་ཁག་དང་པོའི་འགྲིམ་འགྲུལ་སྐྱེལ་འདྲེན་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་མཚོན་ལ་བདམས་པ། “མདོ་ལ་ལྷ་ཡི་ཞིང་ཁམས”དང“ཙོང་ཆུའི་དམངས་སྲོལ་རིག་གནས”སོགས་ལམ་ཐིག་11རིག་གནས་དང་ཡུལ་སྐོར་པུའི“གྲོང་གསེབ་ཀྱི་དུས་བཞིའི་མཛེས་ལྗོངས་ཡག་པོའི”རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲའི་གྲས་སུ་བདམས་ཡོད།
     གཞན་ཡང་མཚོ་སྔོན་ཞིང་ཆེན་གྱིས་ད་དུང་མཚོ་སྔོན་དང་ཀན་སུའུ་ཡི་ཡུལ་སྐོར་ལམ་ཐིག་ཆེན་པོ་ཧུར་ཐག་བཏོད་དེ་མཚོ་ཁྲོན་དང་། མཚོ་བོད། མཚོ་ཤིན་བཅས་ཀྱི་ཡུལ་སྐོར་ལམ་ཐིག་ལེགས་སུ་བཏང་བ་དང་རིམ་པ་སྤར་ཞིང་། གསེར་དངུལ་ཐང་ནས་རྡུལ་ཕྲན་གྲོང་དང་ཚྭ་ཁའི་ཚྭ་མཚེའུ་ཡི་A5རིམ་པའི་མཛེས་ལྗོངས་ཁུལ་མགྱོགས་མྱུར་བསྐྲུན་རྒྱུར་སྐུལ་འདེད་བཏང་བ་དང་། Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་38གསར་དུ་དཔྱད་འདེམས་གཏན་འཁེལ་བྱས་པ། ཞིང་ཆེན་རིམ་པའི་བཟོ་ལས་ཡུལ་སྐོར་དཔེ་སྟོན་རྟེན་གཞི་9གསར་དུ་བསྣན་ཡོད། རྫ་ཆུའི་ཆུ་འགོའི་གླིང་ཁུལ་གྱི་རྣམ་སྲས་རོང་ཆེན་དང་རྨ་ཆུའི་ཆུ་འགོའི་གླིང་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ཉམས་ལེན་སོགས་དམིགས་བསལ་གཉེར་སྐྱོང་གི་ཚོད་ལྟ་བྱས་པ་དང་ཆབས་ཅིག “ཁོར་ཡུག་བཅོས་སྒྲིག་ཆེན་པོ་དང་ཞབས་འདེགས་ལེགས་གཏོང”གི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ནས་དུས་ཐོག་བརྡ་ལན་སྤྲོད་པ་དང་དྲན་སྐུལ་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞུ་གཏུག་དང་གླེང་ཕྱོགས་ཐག་གཅོད་ལྟེ་གནས་བཙུགས་ནས་ཞུ་གཏུག་དང་ཐེར་འདོན་ཐག་གཅོད་ནུས་ལྡན་བྱས་ཡོད། ཀྲུང་དབྱང་གི་སྔོན་རྩིས་ཁྲོད་ཀྱི་མ་དངུལ་སྒོར་དུང་ཕྱུར་3.41བརྩོན་ལེན་བྱས་ནས་རིག་གནས་ཡུལ་སྐོར་ཁྱབ་ཁོངས་ཀྱི་འཛུགས་སྐྲུན་རྣམ་གྲངས་11ལག་ལེན་བསྟར་བ་དང་། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་གྱི་ཐད་ཀའི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་4.15བཏང་སྟེ་ལྕགས་རི་རིང་པོ་དང་། རྒྱང་སྐྱོད། རྨ་ཆུ་བཅས་རྒྱལ་ཁབ་ཀྱི་རིག་གནས་སྤྱི་གླིང་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་ཏེ་ཡུལ་སྐོར་བའི་ཞབས་འདེགས་ལྟེ་གནས་དང་། རླངས་འཁོར་འཇོག་ས། ཡུལ་སྐོར་གསང་སྤྱོད་སོགས་ཞབས་ཞུའི་སྒྲིག་ཆས་ཁག་གཅིག་བསྐྲུན་ཡོད།
     (བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)