འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀོང་ཤིས་ཀྱི་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མ་ཚང་མར་འཚོ་བཅུད་ཆེ་བའི་ཟ་མ་བཟའ་རྒྱུ་ཡོད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་23ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ནན་ཉིང་ནས་ཟླ་1ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་21ཉིན་གསར་འགོད་པར་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར། 2023ལོར་ཀོང་ཤིས་སུ་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་གཏོང་འཆར་གཞི་ཐོག་མར་ཡོངས་ཁྱབ་བྱུང་ནས། ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མ་ཡོད་པའི་རྫོང(གྲོང་ཁྱེར་དང་ཆུས)(གཤམ་དུ་རྫོང་ཞེས་བསྡུ་རྒྱུ)110ཚང་མར་འཚོ་བཅུད་ལེགས་གཏོང་འཆར་གཞི་ལག་བསྟར་བྱས་པ་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མ་ཚང་མར་འཚོ་བཅུད་ལྡན་པའི་ཟ་མ་བཟའ་རྒྱུ་ཡོད་པ་དེ་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་གྲྭ་14925ལ་ཁྱབ་པ་དང་སློབ་མ་ཁྲི་431.48ཙམ་ལ་ཕན་པ་ཐོབ་པ་རེད།
   ངོ་སྤྲོད་བྱས་པར་གཞིགས་ན། འཚོ་བཅུད་ལེགས་གཏོང་འཆར་གཞི་དེ་ཐོག་མར་2007ལོར་ཀོང་ཤིས་ཏུའུ་ཨན་ཡའོ་རིགས་རང་སྐྱོང་རྫོང་དུ་ཚོད་ལྟ་བྱེད་འགོ་ཚུགས་ཤིང་། 2011ལོའི་ཟླ་11པར་རྒྱལ་ཁབ་ཀྱིས་དངོས་སུ་ལག་བསྟར་བྱེད་འགོ་བཙུགས་ཏེ་ཀོང་ཤིས་ཀྱི་རྫོང་29རྒྱལ་ཁབ་ཀྱི་འཆར་འགོད་ཁྱབ་ཁོངས་སུ་བཅུག་པ་རེད། 2023ལོའི་གོང་དུ་ཀོང་ཤིས་སུ་རྫོང་60ལ་འཚོ་བཅུད་ལེགས་གཏོང་འཆར་གཞི(དེའི་ནང་ལིའུ་ཀྲོའུ་གྲོང་ཁྱེར་ཁྲེང་ཀྲུང་ཆུས་སུ་དེ་སྔ་ལག་བསྟར་བྱས་པ་དང་2022ལོར་ཁོངས་གཏོགས་ཁུལ་གྱི་གྲོང་གསེབ་ཀྱི་སློབ་གྲྭ་ཚང་མ་ཟླ་སྒྲིལ་བཏང་སྟབས་ལག་བསྟར་བྱས་མེད་པ)ལག་བསྟར་བྱས་པ་རེད།
   2023ལོར་ཀོང་ཤིས་ཀྱིས་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་གཏོང་འཆར་གཞི་ཡོངས་ཁྱབ་ལས་དོན་ལག་བསྟར་བྱེད་འགོ་བཙུགས་ཏེ་དེ་བྱིངས་ཀྱི་རྫོང་50ལག་བསྟར་ཁྱབ་ཁོངས་སུ་བཅུག་པ་རེད། དམངས་ཕན་འདུ་འགོད་དེ་ལག་བསྟར་ཡག་པོ་བྱ་ཆེད་2023ལོར་ཀོང་ཤིས་ཀྱིས་མ་དངུལ་སྒོར་དུང་ཕྱུར་23.2བཀོད་སྒྲིག་བྱས་པའི་ནང་སྒོར་དུང་ཕྱུར་0.5རྫོང་གི་ཟ་ཁང་འཛུགས་སྐྲུན་དང་སྒྲིག་བཀོད་སྒྲིག་སྦྱོར་བྱ་རྒྱུར་སྤྱད་པ་དང་སྒོར་དུང་ཕྱུར་7.44རྫོང་གི་འཚོ་བཅུད་ལེགས་གཏོང་འཆར་གཞིའི་བཟའ་བཅའི་ཁ་གསབ་རོགས་སྐྱོར་དུ་སྤྱད་པ་རེད། 2023ལོའི་ཟླ་10ཚེས་7ཉིན་རྫོང་50ལ་འཚོ་བཅུད་ཆེ་བའི་ཟ་མ་སྤྱོད་འགོ་བཙུགས་པ་དེ་སློབ་གྲྭ་9002ལ་ཁྱབ་པ་དང་སློབ་མ་ཁྲི་264.88ལ་ཕན་པ་ཐོབ་པ་རེད།