འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྫོང་ཨུད་ཧྲུའུ་ཅི་ཐེར་འདོན་བྱེད་མཁན་དེ་བཟུང་བའི་དོན་རྐྱེན་ཐད།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་22ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཚེས་19ཉིན། གསར་འགོད་པས་ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་1ཚེས་12ཉིན། སྨྱན་སྦྱོར་གྱིས“ཆན་ཞི་རྫོང་གི་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་ཞིག་གིས་རྫོང་ཨུད་ཧྲུའུ་ཅི་ཐེར་འདོན་བྱས་རྗེས་འཛིན་བཟུང་ཐེབས་པའི”དོན་རྐྱེན་སྐོར་གྱི་གནས་ཚུལ་སྤེལ་བར། ཧོ་པེ་ཞིང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་དོན་རྐྱེན་ལ་བརྟག་དཔྱད་ཞིབ་བསྡུར་བྱ་རྒྱུའི་བཀོད་སྒྲིག་བྱས་པ་རེད། ཧོ་པེ་ཞིང་ཆེན་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་དང་། ཞིང་ཨུད་རྩ་འཛུགས་པུའུ། ཞིང་ཨུད་སྲིད་ཁྲིམས་ཨུ་ལྷན། ཞིང་ཆེན་མཐོ་རིམ་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་། ཞིང་ཆེན་སྤྱི་བདེ་ཐིང་སོགས་སྡེ་ཁག་གིས་ལས་དོན་ཚོགས་ཆན་ཞི་རྫོང་དུ་མངགས་ནས། ཐང་ཧྲན་གྲོང་ཁྱེར་དང་མཉམ་དུ་གྱོད་གཞི་ཐག་གཅོད་བྱས་ཚུལ་ལ་ཁྱོན་ཡོངས་ནས་བརྟག་དཔྱད་བྱས་ནས། དོ་བདག་གིས་ཐེར་འདོན་བྱས་པའི་གནད་དོན་ལ་ཁྱོན་ཡོངས་ནས་ཞིབ་དཔྱད་བྱས། 
   མིག་སྔར། ནོར་འཁྲུལ་གྱིས་བཀག་ཉར་དང་། ནོར་འཁྲུལ་གྱིས་འཛིན་བཟུང་། ནོར་འཁྲུལ་གྱིས་ཞུ་གཏུག་བརྒྱབ་པ་བཅས་བཅའ་ཁྲིམས་ལྟར་ཡོ་བསྲང་བྱས་པ་དང་། འགན་འཁྲི་བདའ་འདེད་སོགས་ཀྱི་ལས་དོན་དེ་ཁྲིམས་བཀོད་གོ་རིམ་ལྟར་སྤེལ་བཞིན་ཡོད། ལས་དོན་ཚོགས་ཆུང་གི་འགན་འཁུར་བས་བརྟག་དཔྱད་དང་ཞིབ་དཔྱད་ལས་དོན་གཞན་དག་ཁག་དམ་འཛིན་བྱས་ནས་སྤེལ་བཞིན་ཡོད་པས། ངེས་པར་དུ་དངོས་ཐོག་བདེན་འཚོལ་དང་ཁྲིམས་དང་སྒྲིག་སྲོལ་ལྟར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གི་མཛུབ་ཁྲིད་འོག་འབྲེལ་ཡོད་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་མཐར་ཕྱིན་བྱས་ནས། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་བསྟན།