འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྟག་རྒན་འདི་བཟུང་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་19ཉིན། 15:44】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཀན་སུའུ་ཞིང་ཆེན་ཅིང་ཡོན་རྡོ་སོལ་ལས་རིགས་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི་དང་ལས་འཛིན་ལྷན་ཚོགས་ཀྱི་འགོ་འཛིན་ཟུར་པ་དབྱང་ཞན་ཁྲུན་ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ། ཀན་སུའུ་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་དང་ཞུ་གཏུག་བྱ་རྒྱུར་བསྐྱལ་བ་རེད། ཀན་སུའུ་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་བདག་སྤྲོད་གཏན་འཁེལ་བྱས་པ་བརྒྱུད། ལྐོག་རྔན་བླངས་པའི་ཉེས་གསོག་དོགས་ཡོད་ཀྱི་ཐོག་ནས་ཉིན་ཤས་གོང་། ཀ་ཅུ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་དབྱང་ཞན་ཁྲུན་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད། གྱོད་གཞི་འདི་ཐག་གཅོད་བྱེད་བཞིན་པའི་སྒང་རེད།