འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།དཀར་མཛེས་ཉག་ཆུ་ཁ་ནས་གཏེར་ཁ་ཆེན་པོ་ཞིག་རྙེད་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་19ཉིན། 15:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།དཀར་མཛེས་ཉག་ཆུ་ཁ་ནས་གཏེར་ཁ་ཆེན་པོ་ཞིག་རྙེད་འདུག
   གསར་འགོད་པས་ཟླ་1ཚེས་17ཉིན་རང་བྱུང་ཐོན་ཁུངས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། རང་རྒྱལ་གྱིས་སི་ཁྲོན་ཉག་ཆུ་ཁ་ནས་ལིས་ཐོན་ཁུངས་ཏུན་ཁྲི་བརྒྱ་ཙམ་རྙེད་ཡོད། དེ་ནི་ཨེ་ཤ་ཡའི་ད་བར་ཤེས་རྟོགས་བྱུང་བའི་གཞི་ཁྱོན་ཆེ་ཤོས་ཀྱི་བྲག་རྡོ་ཝེ་ཅང་ཅན་གྱི་རྐྱང་གཟུགས་ལིས་གཏེར་ཁ་དེ་རེད། 
   “དེས་རང་རྒྱལ་གྱིས་ལིས་འཚོལ་རྒྱུའི་ཐད་ནས་ཚད་བརྒལ་ཆེན་པོ་བྱུང་ཡོད་ལ། དཔེ་སྟོན་གྱི་ནུས་པ་ཐོན་ཡོད”ཅེས་རང་བྱུང་ཐོན་ཁུངས་པུའི་པུའུ་ཀྲང་ཝང་ཀོང་ཧྭ་ཡིས་དགའ་སྤྲོའི་ངང་བཤད། 
   ལིས་ནི་གཞི་རྒྱུའི་འཁོར་ཡུན་རེའུ་མིག་གི་གཞི་རྒྱུ་གསུམ་པ་ཡིན་ལ། རང་བྱུང་ཁམས་སུ་ཆེས་ཡང་བའི་ལྕགས་རིགས་གཞི་རྒྱུ་ཞིག་ཡིན། “དུས་རབས་21པའི་ལྗང་མདོག་ནུས་རྒྱུའི་ལྕགས་རིགས”ཤིག་ཡིན་པའི་ངོས་ནས། “ཐཱན་སྙོམ་སྦྱོར་”མངོན་འགྱུར་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། 
   གོ་ལ་ཧྲིལ་པོའི་ལིས་ཐོན་ཁུངས་ཁྱབ་ཚུལ་དོ་སྙོམས་མེད་ཅིང་། གཙོ་བོ་ཨ་ཀེན་ཐིན་དང་། པོ་ལི་ཝེ་ཡ། ཆི་ལི། ཨོ་སི་ཁྲུ་ལི་ཡ། ཀྲུང་གོ ཨ་རི་སོགས་རྒྱལ་ཁབ་ཏུ་ཁྱབ་ཡོད།