འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བློ་མཐུན་ཀྲང་ཁེ་ཧུའེ་ཡི་སྐུ་ཕུང་པེ་ཅིང་དུ་ཞུགས་འབུལ་བྱས་པ།

ཞི་ཅིན་ཕིང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་པ་པའོ་ཧྲན་རི་བོའི་གསར་བརྗེའི་སྤྱི་པའི་བང་སོ་ཁང་དུ་ཞལ་གྱེས་ཞུ་བར་ཕེབས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་19ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ཟླ་1ཚེས་17ཉིན། བློ་མཐུན་ཀྲང་ཁེ་ཧུའེ་ཡི་སྐུ་ཕུང་པེ་ཅིང་པ་པའོ་ཧྲན་རི་བོའི་གསར་བརྗེའི་སྤྱི་པའི་བང་སོ་ཁང་དུ་ཞུགས་འབུལ་བྱས་པ་རེད། ཞི་ཅིན་ཕིང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་པ་པའོ་ཧྲན་རི་བོའི་གསར་བརྗེའི་སྤྱི་པའི་བང་སོ་ཁང་དུ་ཞལ་གྱེས་ཞུ་བར་ཕེབས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་ཀྲང་ཁེ་ཧུའེ་ཡི་གཉེན་ཉེར་ཕྱག་བཏང་ནས་སེམས་གསོའི་འཚམས་འདྲི་ཟབ་མོ་གནང་བཞིན་པ།
ཟླ་1ཚེས་17ཉིན། བློ་མཐུན་ཀྲང་ཁེ་ཧུའེ་ཡི་སྐུ་ཕུང་པེ་ཅིང་པ་པའོ་ཧྲན་རི་བོའི་གསར་བརྗེའི་སྤྱི་པའི་བང་སོ་ཁང་དུ་ཞུགས་འབུལ་བྱས་པ་རེད། ཞི་ཅིན་ཕིང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་པ་པའོ་ཧྲན་རི་བོའི་གསར་བརྗེའི་སྤྱི་པའི་བང་སོ་ཁང་དུ་ཞལ་གྱེས་ཞུ་བར་ཕེབས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་ཀྲང་ཁེ་ཧུའེ་ཡི་གཉེན་ཉེར་ཕྱག་བཏང་ནས་སེམས་གསོའི་འཚམས་འདྲི་ཟབ་མོ་གནང་བཞིན་པ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་17ཉིན་གློག་འཕྲིན་འབྱོར་གསལ། གྲགས་ཅན་གྱི་སྤྱི་ཚོགས་བྱེད་སྒོ་མཁས་ཅན་དང་། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་གྱི་ཕུལ་བྱུང་འགོ་ཁྲིད་པ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དགུ་པ་དང་བཅུ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་གྱི་སྐབས་དྲུག་པ་དང་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་སྐབས་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་མཚན་འཛིན་ཀྲུའུ་ཞི། ཀྲུང་ཧྭ་རྒྱལ་ཡོངས་སྤུན་ཟླ་ཐའེ་དབན་བའི་མཐུན་འབྲེལ་ལྷན་ཚོགས་སྐབས་བཞི་པ་དང་ལྔ་པའི་ཚོགས་གཙོ། ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་བཅས་ཡིན་པའི་བློ་མཐུན་ཀྲང་ཁེ་ཧུའེ་ཡི་སྐུ་ཕུང་ཚེས་17ཉིན་པེ་ཅིང་པ་པའོ་ཧྲན་རི་བོའི་གསར་བརྗེའི་སྤྱི་པའི་བང་སོ་ཁང་དུ་ཞུགས་འབུལ་བྱས་པ་རེད།
    བློ་མཐུན་ཀྲང་ཁེ་ཧུའེ་སྙུང་གཞིས་རྐྱེན་པས་2024ལོའི་ཟླ་1ཚེས་11ཉིན་གྱི་ཆུ་ཚོད་15དང་སྐར་མ་18ཐོག་པེ་ཅིང་དུ་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་དགུང་ལོ་96རེད།
    བློ་མཐུན་ཀྲང་ཁེ་ཧུའེ་ལ་སྙུང་གཞི་ལྕི་པོ་ཕོག་རིང་དང་སྐུ་གཤེགས་རྗེས། བློ་མཐུན་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་། ཧུའུ་ཅིན་ཐའོ་སོགས་སྨན་ཁང་དུ་གཟིགས་པར་ཕེབས་པའམ་ཡང་ན་རྣམ་པ་སྣ་ཚོགས་ཐོག་ནས་བློ་མཐུན་ཀྲང་ཁེ་ཧུའེ་སྐུ་གཤེགས་པར་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུས་པ་དང་སྦྲགས་ཁོང་གི་ནང་མིར་སེམས་གསོའི་འཚམས་འདྲི་ཟབ་མོ་གནང་བ་རེད།
    ཚེས་17ཉིན་གྱི་སྔ་དྲོར། པ་པའོ་ཧྲན་རི་བོའི་གསར་བརྗེའི་སྤྱི་པའི་བང་སོ་ཁང་གི་ཚོམས་ཆེན་དུ་སྒམ་བརླིང་གི་རྣམ་པས་ཁེངས་ཤིང་མྱ་ངན་གྱི་རོལ་མོ་སྐྱོ་ལྷང་ལྷང་དུ་གྲགས། ཚོམས་ཆེན་དབུས་སུ་གཞི་རས་ནག་པོའི་སྟེང“བློ་མཐུན་ཀྲང་ཁེ་ཧུའེ་ལ་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུ”ཞེས་ཡི་གེ་དཀར་པོ་བྲིས་པའི་འཕྲེད་འགེལ་སྦྱར་ཡིག་བཀལ་ཡོད་པ་དེའི་གཤམ་འོག་ཏུ་བློ་མཐུན་ཀྲང་ཁེ་ཧུའེ་ཡི་སྐུ་པར་བཀལ་ཡོད་པ་རེད། བློ་མཐུན་ཀྲང་ཁེ་ཧུའེ་ཡི་སྐུ་ཕུང་མེ་ཏོག་སོས་པ་དང་ཐང་ཤིང་ཤུག་པའི་ཁྲོད་ན་དབེན་པར་གནས་ཤིང་། སྐུ་ལུས་ལ་དམར་མདངས་བཀྲ་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་བསྒྲོན་ཡོད་པ་རེད།
    སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཙམ་ལ། ཞི་ཅིན་ཕིང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་མྱ་ངན་གྱི་རོལ་དབྱངས་ཁྲོད་བློ་མཐུན་ཀྲང་ཁེ་ཧུའེ་ཡི་སྐུ་ཕུང་གི་མདུན་དུ་དལ་བུར་ཕེབས་ནས་སྒམ་བརླིང་ངང་ངག་བསྡམས་ནས་མྱ་ངན་ཞུས་ཤིང་། དེ་རྗེས་བློ་མཐུན་ཀྲང་ཁེ་ཧུའེ་ཡི་སྐུ་ཕུང་ལ་གུས་འདུད་ལན་གསུམ་ཞུས་ཏེ་བློ་མཐུན་ཀྲང་ཁེ་ཧུའེ་ཡི་གཉེན་ཉེ་རེ་རེ་བཞིན་ལ་ཕྱག་བཏང་ནས་སེམས་གསོའི་འཚམས་འདྲི་ཞུས་པ་རེད།
    ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་ཞལ་གྱེས་ཞུ་བར་ཕེབས་པའམ་ཡང་ན་ཐབས་ལམ་སྣ་ཚོགས་ཐོག་ནས་མྱ་ངན་ཞུས་པ་རེད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་། བློ་མཐུན་ཀྲང་ཁེ་ཧུའེ་སྐུ་འཚོ་བཞུགས་སྐབས་ཀྱི་གྲོགས་པོ་དང་ཕ་ཡུལ་གྱི་འཐུས་མི་ཡང་ཞལ་གྱེས་ཞུ་བར་ཕེབས་ཡོད་པ་རེད།