འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱིར་སྡོད་གཞུང་ཚབ་ཆེ་མོ་བ་བསྐོ་འཐེན་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་19ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་17ཉིན་གློག་འཕྲིན་འབྱོར་གསལ།     ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་གཞིར་བཟུང་གཤམ་གསལ་གྱི་ཕྱིར་སྡོད་གཞུང་ཚབ་ཆེ་མོ་བ་བསྐོ་འཐེན་གནང་བ་སྟེ།
    གཅིག ཀྲོའུ་ཅན་གྱི་ཁ་ཐར་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་བའི་གོ་གནས་ཕྱིར་འཐེན་བྱ་རྒྱུ་དང་།
    ཚའོ་ཞའོ་ལིན་ཁ་ཐར་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་བར་བསྐོ་གཞག་བྱ་རྒྱུ།
    གཉིས། ཀུའོ་ཝུའེ(བུད་མེད)ཡི་སེ་ཧྲེར་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་བའི་གོ་གནས་ཕྱིར་འཐེན་བྱ་རྒྱུ་དང་།
    ལིན་ནན(བུད་མེད)སེ་ཧྲེར་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་བར་བསྐོ་གཞག་བྱ་རྒྱུ།
    གསུམ། ཆི་མེ(བུད་མེད)ཡི་ཐིག་དམར་ཀུའི་ནེ་ཡ་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་བའི་གོ་གནས་ཕྱིར་འཐེན་བྱ་རྒྱུ་དང་།
   ཝང་ཝུན་ཀང་ཐིག་དམར་ཀུའི་ནེ་ཡ་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་བར་བསྐོ་གཞག་བྱ་རྒྱུ།
    བཞི། ཀྲོའུ་ཏིང་གི་ཨར་པ་ནི་ཡ་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་བའི་གོ་གནས་ཕྱིར་འཐེན་བྱ་རྒྱུ་དང་།
    ཕང་ཁྲུན་ཞུའེ(བུད་མེད)ཨར་པ་ནི་ཡ་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་བར་བསྐོ་གཞག་བྱ་རྒྱུ།
   ལྔ། ལི་མིན་གྱི་སོ་ལོ་མོན་གླིང་ཚོམ་དུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་བའི་གོ་གནས་ཕྱིར་འཐེན་བྱ་རྒྱུ་དང་།
    ཚའེ་ཝུའེ་མིང་སོ་ལོ་མོན་གླིང་ཚོམ་དུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་བར་བསྐོ་གཞག་བྱ་རྒྱུ།
   དྲུག ཁྲའོ་ཞའོ་ལེང་གི་ས་མོ་ཡ་རང་བཙན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་བའི་གོ་གནས་ཕྱིར་འཐེན་བྱ་རྒྱུ་དང་།
    ཧྥེ་མིང་ཤིང་ས་མོ་ཡ་རང་བཙན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་བར་བསྐོ་གཞག་བྱ་རྒྱུ།
    བདུན། ཧོང་ཡ་ཀྲུང་གི་མི་རིགས་མང་བའི་པོ་ལི་ཝེ་ཡ་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་བའི་གོ་གནས་ཕྱིར་འཐེན་བྱ་རྒྱུ་དང་།
   ཝང་ལེང་མི་རིགས་མང་བའི་པོ་ལི་ཝེ་ཡ་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་བར་བསྐོ་གཞག་བྱ་རྒྱུ་བཅས་རེད།