འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སི་ཁྲོན་གཤོང་སར་རླངས་ཞིང་ཆེན་པོ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་ཆིག་སྟོང་ལྷག་ཙམ་མང་དུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་19ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཁྲེང་ཏུའུ་ནས་ཟླ་1ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། གསར་འགོད་པས་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ལྷོ་ནུབ་རྡོ་སྣུམ་ཅུས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར། སི་ཁྲོན་གཤོང་སར་གནས་པའི་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་1330.12ཟིན་པའི་ཧོ་ཤིང་ཁྲང་རླངས་ཞིང་ནས་རྩད་ཆོད་པའི་ས་གཤིས་གསོག་ཚད་དེར་རང་བྱུང་ཐོན་ཁུངས་པུའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཞིབ་བཤེར་གཏན་འབེབས་ཐོབ་པ་དེ་ཐོག་ནས་རང་རྒྱལ་གྱི་གཏིང་དེ་བས་ཟབ་པ་དང་ཚང་སྒྲིག་ཞིབ་ཚགས་ཀྱི་བྱེ་རྡོའི་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་ཆིག་སྟོང་ཡོད་པའི་རླངས་ཞིང་ཆེན་པོ་ཞིག་མང་དུ་ཕྱིན་པ་མཚོན་ཡོད།
   ཤེས་རྟོགས་བྱུང་བར་གཞིགས་ན། ཧོ་ཤིང་ཁྲང་རླངས་ཞིང་སི་ཁྲོན་ཞིང་ཆེན་ཏེ་དབྱང་གྲོང་ཁྱེར་དང་མེན་དབྱང་གྲོང་ཁྱེར་དུ་གནས་པ་དང་ད་ཐེངས་རྩིས་འབུལ་ཞུས་པའི་རྩད་ཆོད་པའི་ས་གཤིས་གསོག་ཚད་གཙོ་བོ་ཤུའེ་ཅཱ་ཧོ་ཚོགས་ཆུང་དུ་གནས་པ་དང་གཏིང་ཚད་སྨི་4500ནས་སྨི་5500བར་ཟིན་གྱི་ཡོད་པ་རེད། མིག་སྔར། ལྷོ་ནུབ་རྡོ་སྣུམ་ཅུས་ཀྱིས་ས་གནས་དེ་གར་ཁྲོན་པ་གསར་པ་21འདྲུས་པ་དང་། ཁྲོན་པ་རེ་ནས་ཆ་སྙོམས་ཉིན་རེར་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་ཁྲི་15.5འདོན་པ། རང་བྱུང་སོལ་རླངས་ཀྱི་ཐོན་ནུས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་18གསར་དུ་བསྐྲུན་པ་བཅས་ཀྱིས་ད་ཐེངས་རྩད་ཆོད་པའི་གསོག་འབོར་རྩིས་འབུལ་ཞུ་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད་པ་རེད།